དཀར་མཛེས་ཁུལ་གྱིས་ས་གནས་ཁག་ཏུ་དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་པའི་བྱ་འགུལ་སྒོ་སྣ་ཚོགས་སྤེལ་བ།

1587689656497006.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “དཔེ་དེབ་མང་ཙམ་ཀློག་པ་དང་། དཔེ་དེབ་བཟང་པོ་ཀློག་པ། དཔེ་དེབ་ཀློག་མཁས་པོ་བྱེད་པ”བཅས་ཀྱི་ཡ་རབས་དཔལ་ཡོན་ལྡན་པའི་འཚོ་བའི་སྲོལ་བཟང་དར་སྤེལ་གཏོང་ཆེད། ཚེས་23ཉིན་གསེར་རྟ་རྫོང་ཏང་ཨུ་དྲིལ་བསྒྲགས་པུའུ་ཡིས་རྫོང་རིག་གནས་ཡུལ་སྐོར་རླུང་འཕྲིན་ཅུའུ་དང་ཤིན་ཧྭ་དཔེ་ཁང་དང་མཉམ་དུ་རྫོང་དེའི་ཁྲིན་ཀོན་སློབ་ཆུང་དང་གསེར་རྟའི་ཐང་ཆེན་དུ“དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་པའི”ཆེད་དོན་བྱེད་སྒོ་སྤེལ་བ་རེད།

1587689666997388.jpg

“འཛམ་གླིང་དཔེ་ཀློག་ཉིན་མོ”སླེབས་ལ་ཉེ་བའི་སྐབས་འདིར་བརྒྱད་ཟིལ་རྫོང་དཔའ་འོད་ལུང་ཤང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་རྫོང་ཏང་ཨུ་དྲིལ་བསྒྲགས་པུའུ་ཡིས་སྤེལ་བའི“དཔེ་ཀློག་གི་བརྒྱད་ཟིལ”ཞེས་པའི་དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་པའི་འབོད་སྐུལ་ཧུར་ཐག་གིས་དང་དུ་བླངས་ཏེ། ཤང་གི་ལས་བྱེད་པ་དང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ། དཔའ་འོད་ལུང་སློབ་ཆུང་གི་དགེ་སློབ་རྩ་འཛུགས་བྱས་ནས“ཐུན་མོང་དཔེ་ཀློག་ཚོགས་འདུའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་ཐུན་མོང་ཐོག་དཔེ་ཀློག་བྱེད་པའི་སྤྱོད་བཟང་གང་སར་སྤེལ་བ་རེད།

དེ་མིན་ད་དུང་ལི་ཐང་རྫོང་དང་ཉག་ཆུ་རྫོང་གིས་ཀྱང་འཛམ་གླིང་དཔེ་ཀློག་ཉིན་མོར་དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་པའི་བྱེད་སྒོ་སྤེལ་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།