དཀར་མཛེས་བྲག་མགོ་རྫོང་དུ་དཔྱིད་རྨོད་ལས་ལ་བྲེལ།

1.jpg

ཞིང་བས་དཔྱིད་རྨོད་བྱེད་བཞིན་པ།

2.jpg

ས་ཞིང་ལ་སློག་རྒྱག་བཞིན་པ།

3.jpg

དཔྱིད་རྨོད་ལ་དགོས་པའི་ལུད་རྫས་ལེན་པ།

4.jpg

དཔྱིད་རྨོད་ལས་ལ་བྲལ་བའི་ཞིང་བ།

5.jpg

དཔྱིད་རྨོད་ལས་ལ་བྲལ་བའི་བྲག་མགོ་རྫོང་།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་གིས་རྫོང་ཡོངས་ཀྱི་རྒྱ་ཆེའི་ཞིང་བ་མང་ཚོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་དཔྱིད་རྨོད་གྲ་སྒྲིག་ལ་འགན་ལེན་བྱ་ཆེད། རྫོང་ཞིང་འབྲོག་གྲོང་གསེབ་དང་ཚན་རྩལ་ཅུའུ་ཡི་ལས་དོན་མི་སྣས་ཟླ2བའི་ཟླ་སྟོད་དུ་རྫོང་ཡོངས་ཀྱི་ཤང་གྲོང་སོ་སོར་དཔྱིད་རྨོད་གྲ་སྒྲིག་སྔོན་གྱི་ལས་དོན་བརྟག་ཞིབ་བྱེད་དུ་བསྐྱོད་དེ་རྫོང་ཡོངས་ཀྱི་དཔྱིད་རྨོད་ཐོན་སྐྱེད་བདེ་བླག་ངང་སྤེལ་ནས་ལོ་ཧྲིལ་བོའི་ལོ་ལེགས་འབྱུང་རྒྱུར་རྨང་གཞི་བཏིང་བ་རེད།

 བརྟག་ཞིབ་བྱེད་རིང་ལས་དོན་མི་སྣས་འགྱིག་སྙིགས་བསྡུ་བའི་གནས་ཚུལ་དང་། ཞིང་བའི་ཁྱིམ་ལུད་འབྱོར་བའི་གནས་ཚུལ། ཞིང་འཕྲུལ་གྱི་ཞིང་སར་སློག་རྒྱག་ཚུལ། ཞིང་དུད་སོ་སོའི་ས་བོན་གྱི་དགོས་མཁོ། ས་བོན་འདེབས་པའི་རྒྱ་ཁྱོན་དང་ཞིང་སྤྱོད་དངོས་རྫས་སྣ་ཚོགས་དམིགས་སར་འབྱོར་བའི་གནས་ཚུལ་སོགས་ཀྱི་གནད་དོན་རབ་དང་རིམ་པར་བརྟག་དཔྱད་དང་ཐོ་འགོད་བྱས་ནས། ལས་ཀའི་འཆར་གཞི་ཞིབ་ཕྲ་བཙུགས་ལ། དཔྱིད་རྨོད་གྲ་སྒྲིག་ཐད་འཕྲད་པའི་དཀའ་ངལ་མྱུར་དུ་སེལ་པ་མ་ཟད། གནས་ཚུལ་དངོས་དང་འབྲེལ་ཏེ་ཞིང་འཕྲུལ་ཞབས་ཞུ་རུ་ཁག་བཙུགས།

 ད་ལོའི་ཟླ3པའི་ཟླ་སྟོད་དུ་བྲག་འགོ་རྫོང་ཞིང་འཕྲུལ་ཞབས་ཞུ་རུ་ཁག་དེ་ཤང་གྲོང་སོ་སོར་བསྐྱོད་དེ་འཕྲུལ་རྨོད་དང་། འཕྲུལ་འདེབས། འཕྲུལ་ཆས་ཀྱིས་ཞིང་སར་ཆུ་གཏོང་བ། ཞིང་འཕྲུལ་སྐྱེལ་འདྲེན། ཞིང་ལས་ལག་རྩལ་གསར་བའི་གསོ་སྦྱོང་བཅས་སྤེལ་ལ། གསོ་སྦྱོང་བྱེད་རིང་ཞིང་འཕྲུལ་ཞབས་ཞུ་རུ་ཁག་གིས་དཔྱིད་རྨོད་ཐོན་སྐྱེད་ཁྲོད་ཞིང་འཕྲུལ་སྤྱོད་ཚད་མང་བ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཅུང་མང་བའི་ཁྱད་ཆོས་ལ་དམིགས་ཏེ་ལག་རྩལ་ཞབས་ཞུ་མཁོ་འདོན་བྱས་པ་དང་། ཆབས་ཅིག་ཏུ་བདེ་འཇགས་དྲིལ་བསྒྲགས་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རྫོང་ཡོངས་ཀྱི་དཔྱིད་རྨོད་ཐོན་སྐྱེད་བདེ་བླག་ཡོང་བར་འགན་ལེན་བྱས།

 ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རྫོང་ཡོངས་ཀྱི་འགྱིག་སྙིགས་བསྡུ་ཚད90%ཟིན་པ་དང་། ཞིང་སར་སློག་རྒྱག་ཚད100%ཟིན་ལ། ཞིང་སྤྱོད་དངོས་རྫས་ཚང་མ་དམིགས་སར་འབྱོར་བ་དང་། ཟླ4བའི་ཚེས3ཉིན་ནས་ད་བར་དུ་བསྲེས་ལུད་ཁྱོན་ཏུན181.3བྲིན་ཚོང་བྱས་ཤིང་། སོན་འདེམས་སོན་འདེབས་བྱ་བ་རྒྱུན་ལྡན་ངང་སྤེལ་ཡོད།

བསྡོམས་རྩིས་བྱས་པ་ལྟར་ན། སྔོན་དཔག་བྱས་ན་བྲག་འགོ་རྫོང་འདམ་པ་ཤང་གིས་ད་ལོ་མུའུ5700ལྷག་ཙམ་འདེབས་འཛུགས་བྱ་རྒྱུ་དང་། དེའི་ནང་ནས་མུའུ2940དང་། གྲོ་མུའུ968 ། སྲན་མ་མུའུ230 ། ཞོག་ཁོག་མུའུ280 ། པད་ཁ་མུའུ150བཅས་ཡོད་པ་དང་། གཡག་རྔ་ཤང་གིས་ཁྱོན་ལུད་རྒྱ་མ་ཁྲི10ལྷག་ཙམ་གསོག་འཇོག་བྱས་པ་དང་། སྔོན་དཔག་བྱས་ན་ཤང་ཡོངས་ཀྱིས་ནས་མུའུ4000འདེབས་འཛུགས་བྱ་རྒྱུ་རེད། ཤིན་ཏུའུ་གྲོང་རྡལ་གྱིས་ཁྱོན་ལུད་རྒྱ་མ་ཁྲི9གསོག་འཇོག་བྱས་པ་ཚང་མ་ཞིང་ནང་དུ་དྲངས་པ་དང་། སྔོན་དཔག་བྱས་ན་གྲོང་རྡལ་ཡོངས་ཀྱི་རྨོ་འདེབས་ཁྱོན་མུའུ4300ལྷག་ཙམ་ཟིན་རྒྱུ་རེད། སྔོན་དཔག་བྱས་ན་རི་མདའ་ཤང་གིས་ནས་མུའུ4500དང་གྲོ་མུའུ1500བཅས་འདེབས་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།