རྔ་བ་ཁུལ་ཨུའི་ཏང་འཛུགས་སྐྱོང་འགོ་ཁྲིད་ཚན་ཆུང་གི་2020ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས15ཉིན། ཁུལ་ཨུའི་ཏང་འཛུགས་སྐྱོང་འགོ་ཁྲིད་ཚན་ཆུང་གི་2020ལོའི་ཚོགས་འདུ་ཐེངས་དང་བོ་འབར་ཁམས་སུ་འཚོགས། ལིའུ་ཕིང་གིས་ཚོགས་འདུའི་གཙོ་འགན་བཞེས་ནས་གསུང་བཤད་ གནང་བ་དང་། ཝུའུ་ལི་ཡན་ཚོགས་འདུར་ཞུགས།ཚོགས་འདུར་ཕྱོགས་ཡོངས་ནས་ཏང་དོ་དམ་ནན་པོ་དང་ཏང་བདག་སྐྱོང་ནན་པོ་གཏོང་བའི་སྐོར་གྱི་ཀྲུང་དབྱང་དང་ཞིང་ཨུའི་བཀོད་སྒྲིག་དང་རེ་འདུན་གཏིང་ཟབ་ངང་ལག་ལེན་དུ་བསྟར་བ་དང་། ཞིང་ཨུའི་ཏང་འཛུགས་སྐྱོང་འགོ་ཁྲིད་ཚན་ཆུང་གི་2020ལོའི་ཚོགས་འདུ་ཐེངས་དང་བོའི་དགོངས་དོན་དོན་འཁྱོལ་ནན་པོ་བཏང་བ། ཁུལ་ཨུའི་ཏང་འཛུགས་སྐྱོང་འགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་སྡེ་ཁག་གིས་བརྟན་བརླིང་འགན་ལེན་དང་རིམས་ནད་འགོག་པ། བདག་སྐྱོང་བྱེད་ཤུགས་བསྣན་པར་ཆབ་སྲིད་འགན་ལེན་བརྟན་པོ་འདོན་སྤྲོད་བྱས་པའི་གནས་ཚུལ་ཡར་ཞུ་བྱེད་པར་ཉན་པ། འགོ་ཁྲིད་ཚན་ཆུང་གི་2019ལོའི་ལས་ཀའི་ཕྱོགས་སྡོམ་དང་2020ལོའི《ལས་ཀའི་གཙོ་གནད》ལ་གྲོས་ཞིབ་བྱས། ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུའི་ཏང་འཛུགས་སྐྱོང་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་ཕིང་གིས་ཚོགས་འདུའི་གཙོ་འགན་བཞེས་ནས་གསུང་བཤད་གནང་།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་ཨུའི་ཏང་འཛུགས་སྐྱོང་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝུའུ་ལི་ཡན་ཚོགས་འདུར་ཞུགས།

ལིའུ་ཕིང་གིས་གསུང་དོན། ཏོག་གསར་གློ་ཚད་བྱུང་བ་ནས་བཟུང་། ཁུལ་ཨུས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་དང་བཀོད་སྒྲིག་ལག་ལེན་དུ་བསྟར་ནས། ལས་ཀ་སྣ་ཚོགས་གཅིག་གྱུར་དུ་སྐུལ་སྤེལ་བཏང་བ། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་ཐོས་མ་ཐག་བྱ་སྤྱོད་དང་དུ་བླངས་པ་དང་འགན་འཁྲི་ཁུར་བ། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་དཀའ་སྤྱད་འབད་འབུངས་ཀྱིས་མི་རིགས་སོ་སོའི་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད། རྒྱབ་རྟེན་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་རྒྱལ་ཁ་བླངས་པས། སྤྱི་ཚོགས་ཧྲིལ་བོ་རྒྱུན་མཐུད་ངང་འཆམ་མཐུན་བརྟན་བརླིང་ཡོང་བར་འགན་ལེན་བྱས་པ་དང་། དག་ཞིང་རྔ་ཁུལ་ནན་སྲུང་བྱས་ཏེ། དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ཁུལ་ཡོངས་ཀྱི་འཚོ་བ་གོ་རིམ་ལྡན་པའི་སྒོས་སླར་གསོ་བྱེད་བཞིན་ཡོད།

ལིའུ་ཕིང་གིས་གསུང་དོན། ད་ལོ་ནི་དབུལ་བྲལ་གནད་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་སྤྱི་ཚོགས་འགྲུབ་པར་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་ཡིན་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་སྡུད་པའི་ལོ་ཞིག་ཀྱང་ཡིན། རང་ཁུལ་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་དགོས་པར་མ་ཟད། བརྟན་བརླིང་འགན་ལེན་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགྲན་སློང་མང་བོ་དང་གནོན་ཤུགས་མང་བོ། ལས་འགན་མང་བོར་ཐུག་ཡོད་པས། ཏང་དོ་དམ་དང་ཏང་བདག་སྐྱོང་གི་ལས་ཀ་སྣ་ཚོགས་ཡང་སྒོས་སུ་དམ་འཛིན་དང་ལེགས་འཛིན་བྱ་དགོས། ཁུལ་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། དུས་རབས་གསར་བའི་ཏང་འཛུགས་སྐྱོང་གི་སྤྱིའི་རེ་འདུན་གཏིང་ཟབ་ངང་ལག་ལེན་དོན་འཁྱོལ་བྱ་བ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་ཞེས་པའི་བརྗོད་གཙོ་སློབ་གསོའི་གྲུབ་འབྲས་བརྟན་གཏོང་དང་བེད་སྤྱོད་ལེགས་པོ་བྱ་བ། མུ་མཐུད་དུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བྱ་བ་གཏིང་ཇེ་ཟབ་ཏུ་སྤེལ་ནས། ཁུལ་དར་ཁུལ་སྤེལ་གྱི་ལས་དོན་འཕེལ་རྒྱས་སུ་འགྲོ་བར་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱ་དགོས།

ལིའུ་ཕིང་གིས་གསུང་དོན། དུས་རབས་གསར་བ་དང་ལས་འགན་གསར་བ། རེ་འདུན་གསར་བ་ལས་ཏང་འཛུགས་སྐྱོང་གི་ལས་ཀའི་ནང་དོན་གསར་བ་དང་འགན་འཁྲི་གསར་བ་གནང་བར་མ་ཟད། ཁུལ་ཨུའི་ཏང་འཛུགས་སྐྱོང་འགོ་ཁྲིད་དང་དེའི་ཁོངས་མིའི་སྡེ་ཁག་གིས་སྔར་ལས་དོན་ཆེན་བསྒྲུབ་རྒྱུའི་ལས་སྟེགས་བཏོན་ཡོད་པས། ཁུལ་ཡོངས་ཀྱི་ཏང་འཛུགས་སྐྱོང་གི་ལས་ཀར་ཞིབ་འཇུག་འཆར་འགོད་དང་གཅིག་གྱུར་མཐུན་སྦྱོར། ཕྱོགས་ཡོངས་ནས་སྤེལ་བ། ལྟ་སྐུལ་སློབ་སྟོན། ཞིབ་བཤེར་དོན་འཁྱོལ་སོགས་ཀྱི་འགན་འཁྲི་ལེགས་པོར་ཁུར་ནས། ཁུལ་ཡོངས་ཀྱི་ཏང་འཛུགས་སྐྱོང་གི་ལས་ཀའི་རྣམ་པ་གསར་བ་ཧུར་ཐག་གིས་བསྐྲུན་པ་བརྒྱུད། ཏང་དང་མི་དམངས་ལ་ཚད་མཐུན་གྱི་རྒྱུགས་ཤོག་ཅིག་སྤྲོད་དགོས། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།