ད་ལོར་སི་ཁྲོན་གྱི་ཁྱད་ལྡན་ཐོན་ལས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི5000སླེབས་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིན་ནས་ཤེས་རྟོགས་བྱས་པ་ལྟར་ན། ད་ལོར་སི་ཁྲོན་གྱིས་ཁྱད་ལྡན་ཐོན་ལས་ཀྱི་ལོ་ཏོག་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི5000འཆར་འགོད་བྱས་ཤིང་། སྔོན་དཔག་ལྟར་ན་ཐོན་ལས་དང་པོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར3000དང་སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་གྱི་ཕྱོགས་བསྡུས་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་སྒོར་དུང་ཕྱུར1600ཟིན་རྒྱུ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར་སི་ཁྲོན་གྱིས་ཁྱད་ལྡན་ཐོན་ལས་ཁུལ་སྟོབས་ཆེར་སྐྲུན་པ་དང་། ཞིང་ལས་ཐོན་ཟོག་གི་ཐོག་མའི་ལས་སྣོན་ནུས་པ་ཆེ་རུ་གཏོང་བ་དང་། ཞིང་ཆེན་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་གཏན་འཁེལ། ཞིང་ལས་ཐོན་ལས་ཀྱི་སྟོབས་ཆེའི་གྲོང་རྡལ་བསྐྲུན་པ་སོགས་ཀྱི་ལས་དོན་ལ་གཙོ་གནད་དུ་དམིགས་རྒྱུ་རེད། 

དེ་དང་ཆབས་ཅིག་ད་ལོར་སི་ཁྲོན་གྱིས་ཞིང་ལས་ཐོན་རྫས་ཐོན་ཡུལ་གྱི་ཐོག་མའི་ལས་སྣོན་དང་ཚོང་ཟོག་ཅན་གྱི་ཐག་གཅོད་སྒྲིག་བཀོད་དང་སྒྲིག་ཆས500གསར་དུ་བསྐྲུན་ནས་ཞིང་ལས་ཐོན་རྫས་ཐོན་ཡུལ་གྱི་ཐོག་མའི་ལས་སྣོན་བྱེད་ཚད60%ཟིན་པ་བྱ་རྒྱུ་དང་། ཞིང་ཆེན་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་སྐོར10ཡི་ཁེ་ལས900སྒྲིག་འཛུགས་གཏན་འཁེལ་བྱས་ཏེ“10+3”ཐོན་ལས་ཀྱི་སྣེ་འདྲེན་ཁེ་ལས10འདེམས་སྒྲུག་དང་འོས་སྦྱོར་བྱས་ནས་གཙོ་གནད་ཐོག་སྐྱེད་སྲིང་བྱ་རྒྱུ་རེད། དེ་དང་ཆབས་ཅིག་ཏུ་སྣེ་འདྲེན་ཁེ་ལས་ཀྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ནས་སྣེ་འདྲེན་ཁེ་ལས་ཀྱིས་སྐུལ་ཁྲིད་བྱེད་པའི་རྣམ་པ་གསར་པ་འཚོལ་ཞིབ་བྱེད་དགོས། 

གཞན་ཡང་སི་ཁྲོན་གྱིས་ད་དུང་ཞིང་ལས་ཐོན་ལས་ཀྱི་སྟོབས་ཆེའི་གྲོང་རྡལ་བསྐྲུན་ནས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར100ལྷག་ཙམ་ཟིན་པའི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་སྐོར་གཅིག་བསྐྲུན་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།