ལི་ཐང་རྫོང་གི་སློབ་གྲྭ་ཚོགས་པའི་ཉིན་དང་པོ།

1.jpg

སློབ་ཆུང་སློབ་མ་ཚོས་ནན་ཏན་གྱིས་རིམས་འགོག་ཤེས་བྱར་ཉན་བཞིན་པའི་ཚུལ། 

1.jpg

སློབ་ཆུང་སློབ་མ་ཚོས་རིམས་འགོག་ཐད་ཀྱི་སློབ་ཁྲིད་ལ་ཉན་བཞིན་པའི་ཚུལ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “ངས་མེས་རྒྱལ་ལ་བཀའ་དྲིན་ཞུ་འདོད་པ་དང་། སྨན་དོན་མི་སྣར་ཡང་བཀའ་དྲིན་ཚད་མེད་ཞུ་འདོད་པ་ཡིན”ཞེས་ཟླ4བའི་ཚེས10ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་སྐད་གཉིས་བཅའ་སྡོད་ལམ་ལུགས་ཀྱི་དཔེ་སྟོན་སློབ་ཆུང་ལོ་རིམ་དྲུག་པའི་འཛིན་གྲྭ་དང་པོའི་སློབ་མ་གཡང་སྐྱིད་ལྷ་མོས“སློབ་ཚན་དང་པོར”ཉན་རྗེས་སེམས་འགུལ་ཐེབས་ནས་དེ་ལྟར་བཤད།

 ཟླ4བའི་ཚེས10ཉིན་ལི་ཐང་རྫོང་གི་སློབ་གྲྭ་ཆུང་འབྲིང་སོ་སོ་སློབ་གྲྭ་ཚོགས་པས་སྔར་ལྷིང་འཇགས་སུ་གནས་བའི་སློབ་ར་དེ་མ་ཐག་ཏུ་ཟང་ཟིང་དུ་གྱུར། སློབ་གྲྭ་སོ་སོས་སློབ་མའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། ཚེ་སྲོག་གི་སློབ་གསོ། སེམས་ཁམས་བདེ་ཐང་གི་སློབ་གསོ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་རིམས་འགོག་དཔའ་བོའི་གཏམ་རྒྱུད་བརྗོད་པ་དང་། ཚན་རིག་ཁྱབ་གདལ་གྱི་བརྙན་ཐུང་ལ་གཟིགས་པ། PPTསློབ་ཁྲིད་བྱེད་པ། དགེ་རྒན་གྱི་དཔེ་སྟོན། བདེ་འཇགས་འཆད་ཁྲིད་སོགས་ཐབས་སྣ་མང་སྤྱད་དེ“སློབ་གྲྭ་ཚོགས་པའི་སློབ་ཚན་དང་པོའི”བརྗོད་དོན་གཙོ་བོར་བཟུང་བའི་སློབ་གསོའི་བྱེད་སྒོ་སྤེལ་ནས། གཞོན་ནུ་ལོ་ཆུང་བྱིས་པར་སེམས་ཁམས་ལེགས་སྒྲིག་དང་ཤུགས་སྐྱེད་སྟོབས་སྤེལ་ངང་སློབ་སྐབས་གསར་བའི་སློབ་སྦྱོང་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་པ་རེད། 

  སློབ་མ་ཚོས་རིམས་འགོག་འཐབ་རྩོད་ལས་རང་རེའི་མེས་རྒྱལ་སྟོབས་འབྱོར་ལྡན་པ་དང་མི་རིགས་སོ་སོའི་སེམས་པ་མཐུན་པའི་དཔའ་བོའི་བློ་སྟོབས་ཚོར་བ་མ་ཟད། རང་ཉིད་ཀྱིས་སྔར་ལས་ཧུར་བརྩོན་བྱས་ནས་སྤྱི་ཚོགས་ལ་ཕན་པའི་མི་ཞིག་བྱ་རྒྱུའི་སེམས་ཐག་གཅོད་དགོས་པར་བསྟན།

ཡང་འཛིན་གྲྭ་སོ་སོས“བདེ་འཇགས་ང་དང་མཉམ་དུ་ཡོད་པའི”བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་འཚོགས་ནས་སློབ་མ་ཚོར་སློབ་གྲྭར་སྡོད་རིང་རང་ངོས་ཀྱི་འགོག་སྲུང་ཇི་ལྟར་ཡག་པོ་བྱེད་དགོས་པ་འགྲེལ་བཤད་བརྒྱབ་པ་དང་། སློབ་མར་གློ་ཚད་ཀྱི་རིམས་ནད་ལ་ངོས་འཛིན་ཡང་དག་བྱེད་རོགས་བྱས་ཤིང་། དེ་དང་ཆབས་ཅིག་ཏུ་མེ་འགོག་བདེ་འཇགས་དང་། གློག་སྤྱོད་བདེ་འཇགས། འགྲིམ་འགྲུལ་བདེ་འཇགས། བཟའ་བཅའི་བདེ་འཇགས་སོགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ནས་སློབ་མའི་བདེ་འཇགས་ཀྱི་འདུ་ཤེས་དང་རང་ངོས་སྲུང་སྐྱོང་གི་འདུ་ཤེས་གཏིང་ཇེ་ཟབ་ཏུ་བཏང་།

 ལི་ཐང་རྫོང་གིས《དཀར་མཛེས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་གློ་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱའི་ལག་དེབ》དང་། 《སློབ་གྲྭའི་མངོན་གསལ་དོད་པའི་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད》སོགས་རྨང་གཞི་ཤེས་བྱ་དང་འབྲེལ་ཏེ་རིམས་འགོག་ཚོད་འཛིན་དང་། རིམས་འགོག་འཐབ་ས་དང་པོའི་སེམས་འགུལ་བྱས་རྗེས། དེ་བཞིན་བདེ་འཇགས་ཤེས་བྱ་གསོན་ཉམས་ལྡན་པའི“སློབ་གཞིར”བརྩིས་ནས་སློབ་མར་ཡང་དག་པའི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་འཛུགས་རོགས་བྱས་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།