ལིའུ་ཕིང་གིས་རྔ་བ་རྫོང་དུ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ4པའི་ཚེས4ཉིན་ནས་ཚེས6ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་རྔ་བ་རྫོང་དུ་ཕེབས་ནས་ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་ནགས་ཚལ་རྩྭ་ཐང་གི་མེ་ཟོན་མེ་གསོད་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ཚོགས་འདུ་དང་དེ་བཞིན་ཁུལ་ཨུའི་རྒྱུན་ཨུ་ཁང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་རྟོག་ཞིབ་གནང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་དང་རྔ་བ་རྫོང་གི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་མ་ལག་ནུས་པ་འཛུགས་སྐྱོང་གི་ཚོད་ལྟའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུའི་གཙོ་འགན་བཞེས། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་དང་ཁུལ་ཨུའི་ལས་དོན་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། རིམས་འགོག་ཚོད་འཛིན་དང་ནགས་ཚལ་རྩྭ་ཐང་གི་མེ་ཟོན་མེ་གསོད་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཏན་ཏིག་སྒྲུབ་པ་དང་དུས་མཚུངས་སུ་དབུལ་བྲལ་གནད་སྒྲོལ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས། སྡེ་རིམ་སྒྲིག་གཞི་ལེགས་སྒྲིག་སྒྱུར་བཅོས་དང་། དགོན་སྡེ་ཁྲིམས་ལྟར་དོ་དམ། གཞི་རིམ་བཅོས་སྐྱོང་སོགས་ཀྱི་ལས་དོན་སྤྱི་འདོམས་ལེགས་པོ་སྒྲུབ་པ། སྔར་བས་དཔའ་ངར་ཆེར་སྐྱེད་ཀྱི་འབད་འཐབ་ཉམས་འགྱུར་དང་སྔར་བས་ཕུན་སུམ་ཚོགས་པའི་ལས་ཀའི་སྤྲོ་སེམས་ཀྱིས་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་བྱས་ཏེ་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཝེ་གོ་རྟོག་ཞིབ་གནང་བར་མཉམ་དུ་ཕེབས།

རྔ་བ་རྫོང་བོད་ཡིག་སློབ་འབྲིང་དུ་ལིའུ་ཕིང་གིས་ཡུལ་དངོས་སུ་འགོག་སྲུང་མི་སྣ་བཀོད་སྒྲིག་དང་། དངོས་ཟོག་གྲབས་གསོག མི་སྣ་དམིགས་སར་འབྱོར་བ་སོགས་ཀྱི་གནས་ཚུལ་དང་མཐོ་གསུམ་སློབ་མའི་སློབ་ཁྲིད་སླར་གསོ་བྱས་ཚུལ་ལ་ལྟ་ཞིབ་མཛད་པ་དང་། རིམས་འགོག་ཚོད་འཛིན་དང་། དགེ་སློབ་ཀྱི་ཆ་འཕྲིན་རིམ་བཤེར། སློབ་མའི་བཟའ་སྡོད་སོགས་ཀྱི་གནས་ཚུལ་སྐོར་གྱི་སློབ་གྲྭའི་སྙན་ཞུ་ནན་ཏན་གྱིས་ཉན་ནས་སློབ་གྲྭའི་རིམས་འགོག་ཚོད་འཛིན་དང་སློབ་མགོ་ཚུགས་པའི་སློབ་ཁྲིད་སླར་གསོའི་ལས་དོན་ལ་ཡུལ་དངོས་སུ་མཛུབ་སྟོན་བྱས།

ལིའུ་ཕིང་གིས་རྔ་བ་རྫོང་གི་གཙོ་གནད་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱས་ཏེ་སྔ་རྗེས་སུ་ཨ་འཁྱམ་ཡུལ་ཚོ་དང་། རྒྱ་སྟོད་ཡུལ་ཚོ། རྨེ་སྐོར་ཡུལ་ཚོ་སོགས་སུ་བསྐྱོད་དེ་ཡུལ་དངོས་སུ་རིམས་འགོག་ཚོད་འཛིན་དང་། ནགས་ཚལ་རྩྭ་ཐང་གི་མེ་ཟོན། བདེ་འཇགས་ཐོན་སྐྱེད་བཅས་ཀྱི་ལས་དོན་ལ་ཞིབ་བཤེར་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། ས་གནས་ཁག་གི་སྒྱུར་བཅོས་གཉིས་དང་། གཞི་རིམ་ཏང་འཛུགས་སྐྱོང་། དབུལ་བྲལ་གནད་སྒྲོལ། ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ལ་ནན་ཏན་ངང་གསན་པར་མ་ཟད། གྲོང་གསེབ་ཀྱི་ལས་བྱེད་པ་དང་བསམ་བློ་བརྗེ་རེས་ཀྱང་གནང་།

རྨེ་སྐོར་ཡུལ་ཚོ་མཆོད་རྟེན་ལྕོག་དགོན་དུ་ལིའུ་ཕིང་གིས་དགོན་སྡེའི་དགེ་འདུན་པ་དང་བྱམས་བརྩེའི་ངང་བཞུགས་མོལ་གནང་ནས་དགོན་སྡེའི་རིམས་འགོག་ཚོད་འཛིན་དང་ཁྲིམས་ལྟར་ཚད་ལྡན་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་། རྨེ་སྐོར་གྲོང་རྡལ་དུ་ལིའུ་ཕིང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་གཞི་རིམ་བཅོས་སྐྱོང་ཚོད་ལྟའི་ལས་དོན་གྱི་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། ཝ་མོ་ལུང་བ་གྲོང་ཚོར་བསྐྱོད་དེ་འབྲོག་དམངས་ལ་འཚམས་འདྲི་གནང་།

རྔ་བ་རྫོང་གི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་མ་ལག་ནུས་པ་འཛུགས་སྐྱོང་གི་ཚོད་ལྟའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་ལས་ལིའུ་ཕིང་གིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་རང་རྟོགས་སྔར་བས་ཆེ་རུ་གཏོང་བ། བྱ་སྤྱོད་ཀྱི་རང་རྟོགས་སྔར་བས་ཆེ་རུ་གཏོང་བ། འགན་འཁྲི་ཁུར་སེམས་སྔར་བས་ཆེ་རུ་གཏོང་དགོས།

རྟོག་ཞིབ་གནང་སྐབས། ལིའུ་ཕིང་རྔ་བ་རྫོང་སྤྲོ་ཚིགས་ཡུལ་ཚོ་རུ་ཕེབས་ནས་ཡུལ་དངོས་སུ་རིམས་འགོག་ཚོད་འཛིན་དང་། ནགས་ཚལ་རྩྭ་ཐང་གི་མེ་ཟོན། སྒྱུར་བཅོས་གཉིས། གཞི་རིམ་གྱི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་སྐུལ་འདེད་དང་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།