ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས1ཉིན། ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་མེ་སྐྱོན་འགོག་སྲུང་དང་བདེ་འཇགས་ཐོན་སྐྱེད་ལས་ཀའི་བརྙན་འཕྲིན་ཚོགས་འདུར་ཉན་རྗེས། ཧུང་ཡོན་རྫོང་གིས་དུས་ཐོག་ཏུ་ནགས་ཚལ་དང་རྩྭ་ཐང་མེ་སྐྱོན་འགོག་སྲུང་དང་བདེ་འཇགས་ཐོན་སྐྱེད་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་མེ་སྐྱོན་འགོག་སྲུང་དང་བདེ་འཇགས་ཐོན་སྐྱེད་ལས་ཀའི་འབྲེལ་ཡོད་རེ་འདུན་ལག་བསྟར་བྱས་ཏེ། ཧུང་ཡོན་རྫོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་སྲུང་དང་བདེ་འཇགས་ཐོན་སྐྱེད་ལས་ཀར་བཀོད་སྒྲིག་བྱས།
རྫོང་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་མེ་སྐྱོན་འགོག་སྲུང་གི་གནད་འགག་གི་དུས་སྐབས་འདིར། ཡུལ་གྲོང་སོ་སོ་དང་སྡེ་ཁག་སོ་སོས་མིག་སྔའི་ཛ་དྲག་གི་གནས་ཚུལ་ལ་གཞིགས་ཏེ། རྒྱལ་ཡོངས་ཀྱི་ས་ཆ་སོ་སོའི་མེ་སྐྱོན་དང་རང་རྫོང་གི་ཟླ2པའི་ཚེས12ཉིན་གྱི་རྩྭ་ཐང་མེ་སྐྱོན་གྱི་བསླབ་བྱ་ལྷུར་བླངས་ནས། མེ་སྐྱོན་འགོག་སྲུང་གི་ལས་ལ་འབད་དེ་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཕྲག་ཏུ་ལེན་རྒྱུ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ཧུང་ཡོན་རྫོང་གིས་ནགས་ཚལ་དང་རྩྭ་ཐང་མེ་སྐྱོན་འགོག་སྲུང་བཀོད་སྒྲིག་བྱས།