དཔལ་ཡུལ་རྫོང་གིས་སློབ་འགོ་མ་བརྩམས་པའི་སྔོན་གྱི་སློབ་གྲྭའི་བདེ་འཇགས་ལ་ཞིབ་བཤེར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས22ཉིན་དཔལ་ཡུལ་རྫོང་སྤྱི་བདེ་ཅུའུ་ཡིས་གྲོང་ཁུལ་གྱི་སློབ་གྲྭ་དང་མཐའ་འཁོར་གྱི་ཁོར་ཡུག་ལ་བདེ་འཇགས་ཞིབ་བཤེར་བྱས་པ་མ་ཟད། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ནས་དགེ་སློབ་སློབ་གྲྭར་ལོག་པར་བདེ་འཇགས་འཆམ་མཐུན་གྱི་བྱ་བ་དང་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཅིག་བསྐྲུན་པ་རེད།

རྫོང་སྤྱི་བདེ་ཅུའུ་འཛུགས་སྐྲུན་གྲོང་རྡལ་མངགས་གཏོང་ཁང་གིས་མཉམ་འབྲེལ་བདེ་འཇགས་རུ་ཆེན་དང་། འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ། གཞོགས་འདེགས་ཉེན་རྟོག་པ་བཅས་གྲོང་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་དུ་སོང་ནས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭའི་ནང་གི་མེ་ཟོན་ཡོ་བྱད་སྒྲིག་བཀོད་དང་། སྒོ་སྲུང་ལམ་ལུགས། འབར་འགད་འགོག་པའི་སྒྲིག་ཆས། བརྙན་ཤེལ་ལྟ་སྐུལ་ཚོད་འཛིན་སྒྲིག་བཀོད། འགྲུལ་བའི་ཐོ་འགོད། མཉམ་འབྲེལ་མཉམ་འགོག་སྔོན་ཇུས་མཁོ་སྒྲུབ་སོགས་ལ་ཞིབ་བཤེར་བྱས་པ་དང་། སློབ་གྲྭ་ཁག་གིས་སྒོ་སྲུང་བའི་ལས་རེས་ལ་ཤུགས་སྣོན་བརྒྱབ་ནས་སློབ་གྲྭ་ནས་འགྲོ་འོང་བྱེད་མཁན་གྱི་མི་སྣར་ཐོ་འགོད་དོ་དམ་བྱ་རྒྱུའི་རེ་བ་བཏོན་པ་རེད། ཞིབ་བཤེར་བྱེད་པའི་སྐབས་ལས་དོན་མི་སྣས་སློབ་གྲྭས་འཕྲལ་སྡོམ་དང་ལྟ་སྐུལ་ཚོད་འཛིན་གྱི་སྒྲིག་ཆས་སྒྲིག་བཀོད་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་པར་ལེན་སྒྲིག་ཆས་དང་མེ་ཟོན་ཡོ་ཆས་རྒྱུན་གཏན་ལྟར་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། དགེ་སློབ་བདེ་འཇགས་ངང་སློབ་གྲྭར་ལོག་པའི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་སློབ་གསོའི་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་དགོས་པ་མ་ཟད། དུས་བཅད་ལྟར་འཕྲལ་སྡོམ་སྦྱོང་བརྡར་སྒྲིག་འཛུགས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།