རྔ་བ་ཁུལ་མཛོད་དགེ་རྫོང་གི་གཙོ་གནད་རྣམ་གྲངས38ལས་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས20ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིིགས་ཆའང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་གིས་གཙོ་གནད་རྣམ་གྲངས38གཅིག་སྡུད་སྒོས་ལས་འགོ་ཚུགས་ཤིང་། དེའི་ནང་རྨང་གཞིའི་སྒྲིག་བཀོད་དང་། དམངས་འཚོ་འགན་སྲུང་། སྐྱེ་ཁམས་འཛུགས་སྐྲུན་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད།

གཙོ་གནད་རྣམ་གྲངས38ཁྲོད་རྣམ་གྲངས25ནི་གསར་སྐྲུན་རྣམ་གྲངས་ཡིན་པ་དང་། དེའི་ལྷག་མ་ནི་མཐུད་སྐྲུན་དང་རྒྱས་སྐྲུན་གྱི་རྣམ་གྲངས་ཡིན་ཞིང་། ད་ལོར་མ་དངུལ་སྒོར་དུང་ཕྱུར11.91གཏོང་རྩིས་ཡོད་པ་རེད། དེའི་ཁྲོད་ད་ལོའི་ལོ་འཁོར་གྱི་འཆར་གཞིའི་ནང་མ་དངུལ་སྒོར་དུང་ཕྱུར་ཡན་བཏང་བའི་རྣམ་གྲངས4ཡོད་པ་དེ་དག་ནི་རྒྱལ་ཁབ་རིམ་པའི་གཞུང་ལམ345ཡི་ཐེ་བོ་ནས་རྨ་ཆུའི་བར་གྱི་ལམ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གཞི་དང་། ཞིང་ཆེན་རིམ་པའི་གཞུང་ལམ445ཡི་མཛོད་དགེ་ནས་གཟི་ཚ་སྡེ་དགུ་བར་གྱི་ལམ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གཞི། ཆུ་ཐ་ཆུ་ཚན་མཛེས་ལྗོངས་ཁུལ་གྱི་རྣམ་གྲངས། ཁྲེང་ཏུའུ་ནས་ཟི་ལིང་བར་གྱི་ལྕགས་ལམ་བཅས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།