སི་ཁྲོན་ཞིང་ཆེན་གྱིས་འགྲིམ་འགྲུལ་ཤར་གཏོང་ཐུབ་པ་བྱས་ནས་ལས་ཀ་བསྐྱར་ཞུགས་ལ་ཁག་ཐེག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་ཞིང་ཆེན་ཡོངས་ཀྱི་རྫོང་བརྒྱ་ཆ98ཀྱིས་འགྲོ་ལམ་འགྲུལ་སྐྱེལ་ཞབས་ཞུ་ཁྱོན་ཡོངས་ནས་སླར་གསོ་བྱས་པ་དང་། མྱུར་བགྲོད་གཞུང་ལམ35དང་གཙོ་གནད་ཀྱི་ཆུ་ཐོག་སྐྱེལ་འདྲེན་ལས་གཞི5ཚང་མ་ལས་འགོ་བསྐྱར་འཛུགས་བྱས་ཤིང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་མ་ལམ་དཀྱུས་མ218ཀྱི་ལས་གཞི210བསྐྱར་ལས་བྱས་པས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཁོར་སྐྱོད་ཐུབ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད་པ་རེད།

གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་ཁྲེང་ཏུའུ་ནས་དཀར་མཛེས་བོད་རིགས་ས་ཁུལ་དུ་སྐྱོད་པའི་འགག་ལམ་ཞིག་རེད། ལོ་སར་གནམ་གང་ནས་བཟུང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་མྱུར་བགྲོད་གཞུང་ལམ་འགྲིམ་འགྲུལ་ཁྲིམས་འཛིན་ཡན་ལག་རུ་ཁག་ལྔ་པའི་གཡག་རྔ་རུ་ཆེན་གྱི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཆང་ཝུའེ་ཡིས་ཉིན་ལྟར་འགྲོ་ལམ་ཐོག་བསྐྱོད་དེ་རིམས་ནད་སྔོན་འགོག་གི་སྐྱོན་ཆ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གཅིག་ཀྱང་མ་ལུས་པར་གཙང་བཤེར་བྱས་པ་རེད། ཁོང་གིས་ད་ཆ་ནད་ཡམས་བརྟག་ཞིབ་ས་ཚུགས་ཕྱིར་འཐེན་བྱས་མོད། འོན་ཀྱང་རིམས་འགོག་དང་ཤར་བགྲོད་འགན་ལེན་གྱི་ལས་དོན་ཚང་མ་ལྷོད་གཡེང་དུ་གཏོང་མི་རུང་ཞེས་བཤད།

ལའང་ཧྲན་ཁུལ་ཞི་ཁྲང་གྲོང་སྐོར་གཞུང་ལམ་གྱི་དུས་ཐེངས་དང་པོའི་ལས་གྲྭའིTJ3གཞུམ་ལམ་དུམ་མཚམས་ལས་སྒྲུབ་ས་ཚུགས་ཀྱི་ཨར་པོ་ལས་ཡུལ་ཁག་ལ་ཛ་དྲག་ཆེན་པོས་ཨར་པོ་རྒྱག་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་སི་ཁྲོན་དུ་ལས་ཀ་བསྐྱར་ཞུགས་པའི་འགྲིམ་འགྲུལ་ལས་གཞི་ལ་འཇོག་དངུལ་སྒོར་དུང་ཕྱུར་ཁྲི1ལས་བརྒལ་བ་དང་། ཚོད་དཔག་བྱས་ན་སྤྱི་ཟླ4པའི་ཟླ་མཇུག་ཏུ་ཕྱོགས་བསྡུས་འགྲིམ་འགྲུལ་གྱི་གཙོ་གནད་ལས་གཞི་ལ་མ་དངུལ་སྒོར་དུང་ཕྱུར1000ཡན་བཏང་ནས་ལོ་ཧྲིལ་པོར་ཕྱོགས་བསྡུས་འགྲིམ་འགྲུལ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར2000གཏོང་ཐུབ་པ་བརྩོན་ལེན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།