དཀར་མཛེས་ཁུལ་སྡེ་དགེ་རྫོང་གི་དབུལ་ཕོངས་མང་ཚོགས་ཁྲི2ཡིས་བདེ་འཇགས་འཐུང་ཆུ་བཀོལ་སྤྱོད་བྱས།

W020200317679886614123.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་དང་མཚོ་བོད་མཐོ་སྒང་ཕན་ཚུན་སྦྲེལ་ནས་ཡོད་པ་དང་ས་བབ་མཐོ་ཚད་སྨི5000ཡན་ཟིན་པའི་རི30ལྷག་ཡོད་ཅིང་། དགུན་དུས་ཀྱི་དྲོད་ཚད་དམའ་ཤོས་ཀླད་ཀོར་མན་གྱི20℃ཟིན་པ་ཡིན་ལ། འདི་ནི་སི་ཁྲོན་ཞིང་ཆེན་ཆུ་བེད་ཐིན་གྱི་གནས་གཏན་འཁེལ་གྱིས་རོགས་སྐྱོར་བྱེད་པའི་རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་གྱི་གཙོ་གནད་རྫོང་ཞིག་ཡིན། རྫོང་ཡོངས་སུ་བདེ་འཇགས་འཐུང་ཆུའི་རྣམ་གྲངས་ལག་ལེན་མ་བསྟར་གོང་ཤིན་ཏུ་དབུལ་ཕོངས་ས་ཁུལ་དང་ལྷག་པར་དུ་གྲང་ངར་ཆེ་བའི་མཐའ་འཁོབ་ས་ཁུལ་དུ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྤྱོད་ཆུ་མང་ཆེ་བ་ཉེ་འགྲམ་གྱི་གཙང་པོའམ་ཡང་ན་ཆུ་ཕྲན་གྱི་ཆུ་བཀོལ་སྤྱོད་བྱེད་བཞིན་ཡོད་པས་ཆུ་ལེན་པར་སྟབས་མི་བདེ་བ་དང་ཆུའི་སྤུས་ཚད་ལ་འགན་ལེན་བྱེད་མི་ཐུབ་པ་མ་ཟད། ད་དུང་ཐུམ་འབུའི་ནད་ཀྱང་འབྱུང་སྲིད་པ་རེད། 

ནུས་ཤུགས་ཡོད་རྒུས་བདེ་འཇགས་འཐུང་ཆུའི་དཀའ་གནད་སེལ་ཆེད། སྡེ་དགེ་རྫོང་གིས་ལོ་མང་རིང་ཉམས་གསོ་བྱས་མེད་པའི་རིགས་དང་། མཐའ་མཚམས་སུ་ཆུ་དཀོན་པའི་རིགས། ཆུ་ཚད་མི་འདང་པའི་རིགས།  ས་གནས་གསར་སྣོན་གྱི་རིགས། འབྲོག་ཁུལ་ཁ་ཐོར་གྱི་རིགས། མཐའ་མཚམས་དཔྱང་ཐག་གི་རིགས། གྲོང་རྡལ་ཤོང་སྐྱེད་ཀྱི་རིགས། དོ་དམ་མི་ལེགས་པའི་རིགས་བཅས“རིགས་བརྒྱད་ཅན”གཙོ་གནད་དུ་བཟུང་ནས་ཞིང་སྡེའི་བདེ་འཇགས་འཐུང་ཆུའི་གནད་དོན་ལ་ཁྱོན་ཡོངས་ནས་ཞིབ་བཤེར་ཆད་ལུས་ཁ་གསབ་བྱས་པ་དང་། ཁྱོན་ཡོངས་ནས་རིམ་བཞིན་ཞིང་སྡེའི་བདེ་འཇགས་འཐུང་ཆུའི་ལས་གཞི་དང་ཞིང་སྡེའི་བདེ་འཇགས་འཐུང་ཆུའི་སྲ་བརྟན་མཐོར་འདེགས་ལས་གཞི་འཆར་འགོད་ལག་བསྟར་བྱས་ནས་བོད་རིགས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལ་ཤུགས་རྐྱེན་ཐེབས་པའི་འཐུང་ཆུའི་གནད་དོན་དངོས་སུ་དོན་འཁྱོལ་ཡོང་བར་བྱས། 

ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོ་ནས་བཟུང་སྡེ་དགེ་རྫོང་གིས་བསྡོམས་པས་ཀྲུང་དབྱང་དང་ཞིང་ཆེན་གྱི་མ་དངུལ་དང་ས་གནས་ཀྱིས་རང་གྲབས་མ་དངུལ་སྒོར་དུང་ཕྱུར2.1བརྩོན་ལེན་བྱས་ནས་ཁྲོན་པ་རྣམ་པའི་ཆུ་ལེན་ས་དང་།  ཆུ་གསོག་རྫིང་བུ། འཚག་རྫིང་། དེ་བཞིན་མདོང་ལམ་འདིང་བ་སོགས་འཐུང་ཆུའི་ལས་གཞིའི་རྨང་གཞིའི་སྒྲིག་བཀོད་གསར་སྐྲུན་དང་སྲུང་སྐྱོང་བྱ་རྒྱུར་སྤྱད་པ་རེད། 2019ལོའི་ལོ་མཇུག་བར་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ26གི་དབུལ་ཕོངས་གྲོང་ཚོ102དང་དབུལ་ཕོངས་མིན་པའི་གྲོང་ཚོ69ཡི་དུད་ཚང5651གི་མི23461གི་དབུལ་ཕོངས་མང་ཚོགས་ཀྱི་འཐུང་ཆུ་བདེ་འཇགས་མིན་པའི་གནད་དོན་ཐག་གཅོད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།