ལི་ཐང་རྫོང་མྱུར་སྐྱེལ་ལས་རིགས་ཀྱི་ལས་འགོ་བསྐྱར་འཛུགས་ཚད100%ཟིན།

1.jpg

མྱུར་སྐྱེལ་ལས་བྱེད་མི་སྣས་དངོས་ཟོག་སྡུད་བཞིན་པའི་ཚུལ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས17ཉིན་གསར་འགོད་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་གསོ་སྐྱོང་གླིང་ནས་ལས་བྱེད་མི་སྣས་མྱུར་སྐྱེལ་དངོས་ཟོག་བསྡུ་ཉར་དང་སྒྲོམ་སྟེང་དུ་འཇོག་བཞིན་པ་མཐོང་།  མིག་སྔར་ལི་ཐང་རྫོང་གི་ཧྲིན་ཐུང་དང་། ཀྲུང་ཐུང་། ཡོན་ཐུང་སོགས་སྤུས་རྟགས་ཁེ་ལས་མང་པོས་ལས་འགོ་བསྐྱར་འཛུགས་ཀྱི་རེ་ཞུ་བྱས་རྗེས་གོ་རིམ་ལྡན་པའི་ངང་གཉེར་སྐྱོང་དུས་མཚམས་སུ་སླེབས་ཤིང་། མྱུར་སྐྱེལ་ལས་རིགས་ཀྱི་ལས་འགོ་བསྐྱར་འཛུགས་བྱེད་ཚད100%ཟིན་པ་རེད།

ལི་ཐང་ཡོན་ཐུང་གི་འབྲེལ་ཡོད་འགན་འཁུར་པས་ཞོགས་པར་སྔ་མོ་ནས་གླིང་ཁུལ་དུ་དུག་སེལ་ཞིང“རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་ཆེད། ལི་ཐང་མྱུར་སྐྱེལ་ཞབས་ཞུའི་ལས་རིགས་ཀྱིས་བསྡུ་ཉར་བྱས་པའི་ཐུམ་སྒྲིལ་དངོས་ཟོག་ཚང་མ་མྱུར་དུ་དུག་སེལ་དང་ཐོ་འགོད་བྱེད་པ་མ་ཟད། ཉིན་རེར་དུག་སེལ་ཐེངས་གསུམ་ཡན་བྱེད་དགོས་ལ།  ལས་གཉེར་མ་བྱས་གོང་དུ་ལོགས་བཀར་དུས་ཚོད་ལོན་རྗེས་ང་ཚོས་འབྲེལ་ཡོད་སྡེ་ཚན་ལ་ལས་གཉེར་བྱ་རྒྱུའི་རེ་ཞུ་བྱས་པ་དང་། ཞིབ་དཔྱད་ཚད་ལེན་བྱས་རྗེས་ད་གཟོད་མྱུར་སྐྱེལ་སྦྲག་སྐྱེལ་ལས་དོན་སྤེལ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཞིབ་ཕྲ་ངང་འགན་ལེན་བྱས་ཡོད”ཅེས་བཤད། 

 ལི་ཐང་ཡོན་ཐུང་གི་འབྲེལ་ཡོད་འགན་འཁུར་བས”སྔོན་རིམས་ནད་སྐབས་སུ་ལྟེ་གནས་སུ་སྤུང་པའི་དངོས་ཟོག་ད་ལྟ་ང་ཚོའི་མཐའ་སྣེའི་དྲ་ཚིགས་སུ་སླེབས་ཡོད་དེ། ཉིན་དཀར་ང་ཚོས་ཤང་གྲོང་ཚང་མར་བགོས་ཚར་རྗེས་ཁ་པར་དང་འཕྲིན་ཐུང་སྒོས་དངོས་ཟོག་རྩིས་ལེན་བྱེད་མཁན་ལ་དངོས་པོ་ལེན་དུ་ཡོང་བའི་བརྡ་བརྒྱབ་པ་དང་། དགོང་མོ་ཚོང་ཟོག་རྣམས་ལ་དབྱེ་གསེད་བྱེད་དགོས། རྒྱུན་ལྡན་གྱི་ཟོག་འགྲེམས་སླར་གསོ་བྱུང་རྗེས་དངོས་པོ་ཅུང་མང་བས་སྔ་དྲོ་ཤིག་ལ་དངོས་ཟོག་བརྒྱད་ཅུ་ནས་དགུ་བཅུ་ལེན་ཐུབ་པས་ས་གནས་མང་ཚོགས་ཀྱི་དྲ་ཐོག་ཉོ་སྒྲུབ་འཚོ་བར་འགན་ལེན་བྱས་ཡོད‘’ཅེས་ངོ་སྤྲོད་བྱས། །  

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།