དཀར་མཛེས་ཁུལ་གྱི་སྡོད་དམངས་ཀྱིས་སྲིད་གཞུང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འདོད་བློ་ཚིམ་ཚད97.7%ཟིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་བསྡོམས་རྩིས་ཅུའུ་དཀར་མཛེས་བརྟག་དཔྱད་རུ་ཁག་གིས་དར་རྩེ་མདོ་དང་། ལྕགས་ཟམ་ཁ། རོང་བྲག ཉག་ཆུ། རྟའུ། དཀར་མཛེས། སེར་ཤུལ། འདབ་པ་སོགས་རྫོང(གྲོང་ཁྱེར)གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་དུད་ཚང་221ལ་ཁ་པར་ཐོག་ནས་བརྟག་དཔྱད་འཚམས་འདྲི་བྱས་པ་ལས་མངོན་པ་ལྟར་ན། དཀར་མཛེས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིས་སྲིད་གཞུང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་འདོད་བློ་ཚིམ་ཚད97.7%ཟིན་ཡོད་པ་རེད། སྡོད་དམངས་ཀྱིས་སྲིད་གཞུང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཧ་ཅང་འདོད་བློ་ཚིམ་པ་དང་འདོད་བློ་ཚིམ་པའི་དུད་ཚང216དང་འདོད་བློ་ཚིམ་ཚད་ཕལ་བའི་དུད་ཚང5ཡོད་པས། དེའི་ཐོག་ནས་དཀར་མཛེས་ཁུལ་གྱི་རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ཐད་ནུས་པ་ལྡན་པའི་བྱ་ཐབས་སྤྱད་པ་དང་། ནུས་ལྡན་སྔོན་འགོག་ཚོད་འཛིན། སྡོད་དམངས་ཀྱིས་ཁས་ལེན་ཐོབ་ཚད་མཐོ་བ་བཅས་ཀྱི་རྣམ་པ་གང་ལེགས་མཚོན་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།