ཁྲེང་ཏུའུ་ཐན་ཧྥུའུ་གནམ་གྲུ་ཐང་དུ་ཚ་ཚ་འུར་འུར་ངང་ལས་འགོ་བསྐྱར་འཛུགས་བྱས།

11.jpg

འདི་ནི་ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཨར་སྐྲུན་བྱ་ཡུལ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ལས་གཞི་ཁག་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་བྱས་པ་ནས་བཟུང་རིམས་འགོག་ནན་མོ་བྱེད་པའི་རྨང་གཞིའི་ཐོག་མ་དངུལ་མང་དུ་གཏོང་བ་དང་ལས་ཡུན་ཐུང་དུ་གཏོང་བ་དམ་འཛིན་བྱས་ཏེ་རྒྱལ་ཁབ་ཀྱི་གཙོ་གནད་ལས་གཞི་མགྱོགས་མྱུར་འཛུགས་སྐྲུན་ཐུབ་པར་འགན་ལེན་བྱས་ཡོད། མིག་སྔར་གནམ་ཐང་བབས་ཚུགསT1དངT2ཀྱི་ཨར་འདམ་ལྕགས་རྩིབས་དང་ངར་ལྕགས་གྲུབ་ཆའི་གྲུབ་ཆ་གཙོ་བོར་ཐོག་བཀབ་ནས་ཕྱོགས་བསྡུས་འགྲིམ་འགྲུལ་གྱི་གནམ་གྲུ་བརྗེ་བའི་ལྟེ་གནས་ཀྱི་གྲུབ་ཆ་གཙོ་བོ་ལས་མཇུག་འགྲིལ་ཏེ་ད་ལོའི་ལོ་མཇུག་ཏུ་བསྐྲུན་ཚར་རྒྱུའི་འཆར་གཞི་ཡོད་པ་རེད།

22.jpg

འདི་ནི་ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཨར་སྐྲུན་བྱ་ཡུལ་རེད། 

44.jpg

འདི་ནི་ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཨར་སྐྲུན་བྱ་ཡུལ་རེད། 

ཐན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་བསྐྲུན་རྗེས་ཁྲེང་ཏུའུ་རུ་གནམ་གྲུ་ཐང་གཉིས་ཡོད་པ་དང་། དེ་ཡོ་རོབ་དང་། དབུས་ཤར་ས་ཁུལ། ཨེ་ཤེ་ཡ་དབུས་མ་དང་དེ་བཞིན་ཨེ་ཤེ་ཡ་ཤར་ལྷོ་བཅས་ཀྱི་མཁའ་དབྱིངས་ཀྱི་སྒོ་མོ་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད། གནམ་གྲུ་ཐང་གསར་པ་འདི་ཉིད་ཀྱིས་ཁྲེང་ཏུའུ་རྒྱལ་ཁབ་རིམ་པའི་རྒྱལ་སྤྱིའི་མཁའ་འགྲུལ་ལྟེ་གནས་འཛུགས་སྐྲུན་དང་། “རྒྱུད་གཅིག་ལམ་གཅིག”དང་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཐབ་ཇུས་ནང་ཞུགས་རྒྱུར་ནུས་པ་གལ་ཆེན་འདོན་རྒྱུ་རེད།

33.jpg

འདི་ནི་ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཨར་སྐྲུན་བྱ་ཡུལ་རེད། 

55.jpg

འདི་ནི་ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཨར་སྐྲུན་བྱ་ཡུལ་རེད། 

66.jpg

འདི་ནི་ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཨར་སྐྲུན་བྱ་ཡུལ་རེད། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།