རྟའུ་རྫོང་གིས་ནད་ཡམས་སྔོན་འགོག་གིས་ཞིང་ལས་ཐོན་སྐྱེད་བྱེད་པར་དལ་འགོར་མི་བྱེད་པར་ཞིང་ལས་རྒྱུ་ཆ་མཁོ་སྤྲོད་ལ་འགན་ལེན་བྱས་པ།

1584320351542832.jpg

    ཏང་ཡོན་འཕྲལ་སྒྲུབ་རུ་ཁག་གིས་དཔྱིད་རྨོད་དངོས་ཟོག་སྤོར་འདྲེན་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས12ཉིན་གྱི་ཕྱི་དྲོར། དངོས་སྐྱེལ་རླངས་འཁོར་ཞིག་གིས་ཞིང་རྨོའི་ཞིང་ལས་རྒྱུ་ཆ་བྱུར་བུར་ཁེངས་པའི་དངོས་དངོས་ཟོག་བརྒྱུད་འདྲེན་ཐེངས་གཉིས་བྱས་པ་བརྒྱུད་མཐར་རྟའུ་རྫོང་ཝ་རི་དངོས་རྫས་བརྗེ་རེས་ས་ཚིགས་སུ་འབྱོར་ཞིང་། དངོས་ཟོག་དེ་དག་ལ་ཁྱོན་བསྡོམས་པས་ཏུན12ཡོད་པ་དང་། དེ་དག་ནི་རྟའུ་རྫོང་རྨེ་རུ་ཤང་དང་རྒྱ་ཁུང་ཤང་གི་གྲོང་མིས་རང་ཉིད་ཀྱི་དགོས་མཁོ་གཞིར་བཟུང་མངགས་ཉོ་བྱས་པའི་ལུད་རྫས་ཡིན་པ་རེད།

ལོ་གཅིག་གི་ལོ་ལེགས་འབྱུང་མིན་དཔྱིད་ཀར་རག་ལས། སྐབས་འདིར་ཏག་ཏག་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནད་འགག་གི་དུས་ལ་འཁེལ་ཡོད་མོད། འོན་ཀྱང་རྟའུ་རྫོང་གི་ཞིང་རྨོ་བའི་ལས་ཀ་ཕྱོགས་ཡོངས་ནས་སྤེལ་འགོ་འཛུགས་པའི་དུས་མཚམས་སུ་སླེབས་ཡོད། རྟའུ་རྫོང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བཟང་པོ་བྱེད་པ་དང་ཆབས་ཅིག་མིག་སྔའི་ཞིང་ལས་ཐོན་སྐྱེད་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་དང་སྐུལ་འདེད་གཏོང་བ་དང་། ཞིང་ལས་ལ་འཐུས་ཤོར་མི་འགྲོ་བར་ཞིང་རྨོ་འདེབས་འཛུགས་ལས་དོན་བཟང་པོ་བསྒྲུབས་ནས་ལོ་ཧྲིལ་པོའི་ཞིང་ལས་ལོ་ལེགས་འབྱུང་བར་རྨང་གཞི་བརྟན་པོ་བཏིང་ཡོད།

རྒྱུས་ལོན་པ་ལྟར་ན། ད་ལོར་རྫོང་འདིས་ཞིང་ལས་འདེབས་འཛུགས་རྒྱ་ཁྱོན་མུའུ97300ཟིན་པའི་ནང་འབྲུ་སྣུམ་གྱིས་རྒྱ་ཁྱོན་མུའུ73500ཟིན་པ་དང་། ཤིང་འབྲས་ཀྱིས་མུའུ6000དང་། སྔོ་ཚལ་གྱིས་མུའུ10000 ཀྲུང་ལུགས་སྨན་རྫས་ཀྱིས་མུའུ7100 བཟའ་བཅའི་ཤ་མོས་མུའུ700བཅས་ཟིན་ཡོད་པ་རེད། འདེབས་འཛུགས་བྱས་པའི་སོན་བཟང་དེ་ཞིང་འབྲོག་ཚན་རྩལ་ཅུའུ་ཡིས་པད་ཁ་དང་ཞོག་ཁོག་ཏུན5བཀོད་སྒྲིག་བྱས་པ་དང་མང་ཚོགས་ཀྱིས་ནས་དང་། ཞོག་ཁོག  གྲོ། སྔོ་ཚལ་སྣ་ཚོགས་ཏུན2000ལྷག་ཙམ་རང་གྲབས་བྱས་ཡོད། ས་ཁུལ་ཁག་གི་གནམ་གཤིས་མི་འདྲ་བས་ཞིང་རྨོའི་སོན་འདེབས་ཀྱི་དུས་ཚོད་ལ་ཁྱད་པར་ཆེ་བས་རྟའུ་རྫོང་ཞིང་འབྲོག་ཚན་རྩལ་ཅུའུ་ཡིས་ཀྱང་ས་ཁུལ་ཁག་གི་གནས་ཚུལ་དངོས་དང་མང་ཚོགས་ཀྱི་དགོས་མཁོར་གཞིགས་ཏེ་ཡུལ་བབ་དང་བསྟུན་ནས་དུས་ཐོག་ཏུ་གྲངས་ཚད་ལྟར་སྤུས་ཚད་དང་གྲངས་འབོར་སྡེབ་སྐྱེལ་བྱ་རྒྱུ་རེད། མང་ཚོགས་ཀྱི་ཞིང་རྨོའི་བའི་ལས་དོན་སྤེལ་རྒྱུར་ཚད་མཐོའི་འགན་ལེན་བྱེད་དགོས།

སྔོན་དཔག་བྱས་པ་ལྟར་ན་རྟའུ་རྫོང་གི་རྫོང་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་ཟླ5པའི་ཟླ་དཀྱིལ་དུ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།