དར་མདོ་གྲོང་ཁྱེར་གྱིས་སྒོ་ཀུན་ནས་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་ལ་རམ་འདེགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། དར་མདོ་གྲོང་ཁྱེར་གྱིས་བྱམས་བརྩེའི་ཞབས་ཞུ་ལ་ཤུགས་སྣོན་དང་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་མཐུན་སྦྱོར་ངང་ཐག་གཅོད་བྱེད་པ། སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་མཛུབ་ཁྲིད་བྱེད་པ་སོགས་ཕྱོགས་མང་པོའི་ཐད་ནས་ཞབས་ཞུ་མཉམ་སྡེབ་སྲིད་ཇུས་དོན་ཚན་བརྒྱད་བཏོན་ནས་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་རམ་འདེགས་བྱས་པ་རེད།

ཁེ་ལས་ཀྱིས་ཞིང་པ་ལས་མི་བསྡུ་བའི་བྱ་དགའ་དང་ཁ་གསབ་རོགས་དངུལ་དོན་འཁྱོལ་བྱས། ཁེ་ལས་འབྲིང་ཆུང་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་། གྲོང་སྡེའི་གློག་རྡུལ་ཚོང་དོན་སོགས་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་པ་ལས་ཤོར་ལོ་ཕྱེད་ཡན་གྱི་མི་སྣའམ་ཡང་ན་རིམས་ནད་ཀྱི་རྐྱེན་པས་ལས་གནས་སུ་ཕྱིར་ལོག་མི་ཐུབ་པའི་ཞིང་པ་ལས་མི་ལས་ཞུགས་བྱེད་པར་ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པ་དང་འབྲེལ་གཏན་འབེབས་ལྟར་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ཡང་སྤྲོད་པ་དང་། གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ལ་རེ་འདུན་ཞུས་ནས་ཚད་གཞི་ལོན་རྗེས་མི་རེར་སྒོར1000སྤྲོད་ཐེངས་གཅིག་ལ་ལས་ཞུགས་ཁ་གསབ་སྤྲད་རྒྱུ་རེད།

ཁེ་ལས་ལས་བཟོ་ཡིས་དྲྭ་ཐོག་གསོ་སྦྱོང་གི་ཁ་གསབ་དོན་འཁྱོལ་བྱས། ཁེ་ལས་འབྲིང་ཆུང་གི་ལས་མཚམས་བཞག་རིང་དགོས་མཁོ་དངོས་ལ་གཞིགས་ནས་དྲྭ་ཐོག་གསོ་སྦྱོང་གི་འཆར་གཞི་བཟོས་ཏེ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་ནས་གྲོས་འཆམ་བྱུང་རྗེས་ལས་བཟོ་སྒྲིག་འཛུགས་བྱས་ཏེ་དྲྭ་ཐོག་རྩལ་ནུས་གསོ་སྦྱོང་བྱེད་ཆོག་པ་དང་རྩ་དོན་དྲྭ་ཐོག་གསོ་སྦྱོང་གི་སློབ་ཚན་དེ་སྤྱིའི་སློབ་ཚན་གྱི་བརྒྱ་ཆ20ལས་བརྒལ་མི་ཆོག གསོ་སྦྱོང་མཇུག་འགྲིལ་རྗེས་ཁེ་ལས་ཀྱིས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ལ་གསོ་སྦྱོང་འགྲོ་གྲོན་ཆ་ཚང་ཁ་གསབ་བྱ་རྒྱུའི་རེ་ཞུ་བྱ་ཆོག་གི་ཡོད་པ་རེད།

དཀའ་ངལ་ཡོད་པའི་ཁེ་ལས་ཀྱི་ལས་གནས་བརྟན་པོ་དང་ཕྱིར་སློག་སྲིད་ཇུས་དོན་འཁྱོལ་བྱས། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་གནས་སྐབས་རང་བཞིན་གྱི་ཐོན་སྐྱེད་གཉེར་སྐྱོང་ལ་དཀའ་ངལ་འཕྲད་པ་དང་འབྲེལ་སླར་གསོ་ཐུབ་རེ་ཡོད་པའི་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་དེ་རྒྱལ་ཁབ་དང་དེ་བཞིན་གནས་ཡུལ་ས་ཁོངས་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་སྲིད་ཇུས་དང་མཐུན་པས་བརྒྱ་ཆ50ཡི་བསྡུར་ཚད་གཞིར་བཟུང་ཐོག་ཁེ་ལས་དེས་ཟླ་བ6རིང་བསྡོམས་རྩིས་བརྒྱབ་ནས་འཇལ་བའི་སྤྱི་ཚོགས་འགན་བཅོལ་གྱི་འགྲོ་གྲོན་ཕྱིར་སློག་བྱེད་ཆོག་གི་ཡོད་པ་རེད།

མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ལས་ཁུངས་ལ་བྱ་དགའ་དང་ཁ་གསབ་སྤྲད་རྒྱུ་དོན་འཁྱོལ་བྱས། རིམས་ནད་ཐོན་རིང་གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞིས་ལས་བྲལ་ལས་ཤོར་མི་སྣ་སྒྲིག་འཛུགས་བྱས་པ་དང་ཕ་ཡུལ་དུ་ལོག་པའི་ཞིང་པ་ལས་མི་ཁེ་ལས་སུ་ལས་ཞུགས་པར་བསྐྱོད་ནས་ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་འཇོག་རོགས་བྱས་པར་མ་ཟད། སྤྱི་ཚོགས་འགན་བཅོལ་ནང་ཞུགས་རིགས་ལ་མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞིས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ལ་རེ་ཞུ་བྱས་ནས་ཚད་གཞི་ལོན་རྗེས་མི་རེར་ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུའི་ཁ་གསབ་རོགས་དངུལ་སྒོར500སྤྲད་ཆོག

སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་དུས་འགྱངས་སྲིད་ཇུས་དོན་འཁྱོལ་བྱས། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་ཁེ་ལས་ཀྱིས་རྒན་གསོ་དང་ལས་ཤོར། ལས་རྨས་འགན་བཅོལ་ནང་ཞུགས་པའི་ཐོ་འགོད། གྲོན་དངུལ་སྤྲོད་པ་སོགས་ཀྱི་ལས་སྒོ་དུས་ཐོག་ཏུ་གཉེར་མི་ཐུབ་ཚེ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ལ་གཉེར་ཡུན་ནར་འགྱངས་བྱ་རྒྱུའི་རེ་ཞུ་བྱེད་པ་དང་འབྲེལ་རིམས་ནད་མེད་པར་བཟོས་པའི་ཟླ་བ་གསུམ་ནང་ཚུན་དུ་གསབ་གཉེར་བྱ་ཆོག རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་གནས་སྐབས་རང་བཞིན་གྱི་ཐོན་སྐྱེད་གཉེར་སྐྱོང་ལ་དཀའ་ངལ་འཕྲད་པས་གྲོན་འཇལ་དུས་བཀག་ནང་རྒན་གསོ་དང་ལས་ཤོར། ལས་རྨས་འགན་བཅོལ་བཅས་ཀྱི་གྲོན་དངུལ་གྲངས་ཚད་ལོངས་པ་འཇལ་དཀའ་བའི་ཁེ་ལས་ཀྱིས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ལ་གྲོན་འཇལ་དུས་འགྱངས་བྱ་རྒྱུའི་རེ་ཞུ་བྱེད་ཆོག་པ་དང་འཇལ་འགྱངས་དུས་ཚད་རྩ་དོན་ཐོག་ཟླ་བ་དྲུག་ལས་བརྒལ་མི་ཆོག དུས་འགྱངས་ཆད་དངུལ་དང་སྐྱེད་ཀ་མི་བསྡུ་བར་མ་ཟད། འགན་བཅོལ་ནང་ཞུགས་མཁན་ལས་བཟོའི་མི་སྒེར་གྱི་ཁེ་དབང་ཟིན་ཐོར་ཡང་ཤུགས་རྐྱེན་ཐེབས་ཀྱི་མེད།

སྤྱི་ཚོགས་འགན་བཅོལ་གྱི་དུས་རིམ་རང་བཞིན་གྱི་གྲོན་དངུལ་དང་ཁུར་པོ་ཡང་དུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱས། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ངེད་གྲོང་ཁྱེར་ཡོངས་ཀྱི་དུས་མཚམས་རང་བཞིན་གྱི་ལས་ཤོར་འགན་བཅོལ་དང་ལས་རྨས་འགན་བཅོལ་གྲོན་དངུལ་གྱི་ཚད་དམའ་རུ་གཏོང་བའི་སྲིད་ཇུས་སྤྱི་ལོ2021ལོའི་ཟླ་བ4པའི་ཚེས30ཉིན་བར་ནར་འགྱངས་བྱས་ཡོད། དེའི་རིང་ལས་ཤོར་འགན་བཅོལ་གྱི་སྤྱིའི་གྲོན་ཚད་བརྒྱ་ཆ1ལག་བསྟར་བྱ་རྒྱུ་དང་ལས་རྨས་འགན་བཅོལ་གྱི་ལག་བསྟར་གྲོན་ཚད་དེ་སྔའི་རྨང་གཞིའི་ཐོག་བརྒྱ་ཆ20ནས50ཡི་བར་དམའ་རུ་གཏང་རྒྱུ་ཡིན་པ་རེད།

ལས་བཟོ་པའི་རྒན་གསོའི་འགན་བཅོལ་གྲོན་དངུལ་འཇལ་བའི་གཞི་གྲངས་དམའ་ཤོས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས། རིམས་ནད་ཐོན་རིང་དར་མདོའི་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་གཞི་གྲངས་དམའ་ཤོས་སྔར་བཞིན་སྤྱི་ལོ2019ལོའི་བསྡུར་ཚད་ལྟར་ལག་བསྟར་བྱ་རྒྱུ་དང་ཟླ་བ་རེའི་གྲོན་དངུལ་འཇལ་བའི་གཞི་གྲངས་དམའ་ཤོས་སྒོར2967ཡིན་པ་རེད།

རིམས་ནད་བྱུང་སྐབས་ཀྱི་ཐོབ་ཐང་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་བྱས། རིམས་ནད་ཐོན་རིང་སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་དུས་ཐོག་ཏུ་མ་བླངས་པར་གནས་སྐབས་རྒན་ཡོལ་ཞུས་པའི་ཐོབ་ཐང་སྤྲད་ཡོད།

རིམས་ནད་ཀྱི་དམིགས་བསལ་སྲིད་ཇུས་ལག་བསྟར་བྱེད་འགོ་ཚུགས་པ་ནས་བཟུང་། ཁྱོན་ཁེ་ལས38ཀྱིས་སྤྱི་ཚོགས་འགན་བཅོལ་ནར་འགྱངས་ཀྱི་སྲིད་ཇུས་བློ་འདྲི་བྱས་པ་དང་ཁེ་ལས18ཀྱིས་ལས་གནས་བརྟན་པོ་དང་ཕྱིར་སློག་གི་ཁ་གསབ་རེ་ཞུ་བྱས་པ། ཁེ་ལས1གིས་དྲྭ་ཐོག་རྩལ་ནུས་གསོ་སྦྱོང་བྱ་རྒྱུའི་རེ་ཞུ་བྱས་པ། མི6གིས་རྒྱུན་གཏན་བཞིན་ལས་འཁྱུར་ངལ་གསོའི་ཐོབ་ཐང་གཉེར་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།