ཟླ3པའི་ཚེས9ཉིན་བར་སི་ཁྲོན་ཞིང་ཆེན་གྱི་གཙོ་གནད་རྣམ་གྲངས་སླར་གསོ་བྱེད་ཚད98.6%ཟིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་ཟླ3པའི་ཚེས10ཉིན་སི་ཁྲོན་གསར་འགྱུར་དྲ་བའི་གསར་འགོད་པས་སི་ཁྲོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་བར། ཟླ3པའི་ཚེས9ཉིན་བར་སི་ཁྲོན་ཞིང་ཆེན་གཅོ་གནད་རྣམ་གྲངས484མུ་མཐུད་དུ་འཛུགས་སྐྲུན་དང་རྣམ་གྲངས་གསར་པ94བཟོ་སྐྲུན་བྱེད་འགོ་བརྩམས་པས། རྣམ་གྲངས570ཡི་ལས་འགོ་སླར་གསོ་བྱས་ཏེ་ལས་འགོ་སླར་གསོ་བྱེད་ཚད98.6%ཟིན་ཡོད་པ་རེད།

2020ལོར་སི་ཁྲོན་ཞིང་ཆེན་གྱིས་གཙོ་གནད་རྣམ་གྲངས700ལ་མ་དངུལ་སྒོར་དུང་ཕྱུར་ཁྲི4.4གཏོང་རྩིས་ཡོད་པ་དང་ལོ་འཁོར་མོའི་མ་འཇོག་ལ་སྒོར་དུང་ཕྱུར6185གཏོང་རྩིས་ཡོད་པ་རེད།

དེའི་ནང་མུ་མཐུད་དུ་འཛུགས་སྐྲུན་བྱེད་པའི་རྣམ་གྲངས484དང་གསར་དུ་ལས་འགོ་བརྩམས་པའི་རྣམ་གྲངས216ཡོད་པ་རེད། ཟླ3པའི་ཚེས9ཉིན་བར་ཞིང་ཆེན་གྱི་གཙོ་གནད་རྣམ་གྲངས་ཀྱི་མུ་མཐུད་དུ་འཛུགས་སྐྲུན་བྱེད་པའི་རྣམ་གྲངས484དང་ལས་འགོ་བརྩམས་ཟིན་པའི་རྣམ་གྲངས་གསར་པ94ཡི་ནང་ལས་འགོ་སླར་གསོ་བྱས་ཟིན་པའི་ཁྲོད། 570ལས་འགོ་སླར་གསོའམ་ཁག་གཅིག་ལས་འགོ་སླར་གསོ་བྱས་པས། ལས་འགོ་སླར་གསོ་བྱེད་ཚད98.6%ཟིན་ཡོད་པ་རེད། ཁྲེང་ཏུའུ་དང་། ཙི་ཀུང་། མན་དབྱང་། ནན་ཁྲུང་། ནེ་ཅང་། ཏེ་དབྱང་། ལེང་ཧྲན་སོགས་གྲོང་ཁྱེར(ཁུལ)17གྱི་ལས་འགོ་སླར་གསོ་བྱེད་ཚད100%ཟིན་ཡོད་པ་རེད།

ལས་འགོ་སླར་གསོ་བྱས་པའི་མི་གྲངས་ནས་བལྟས་ན། ལས་འགོ་སླར་གསོ་བྱས་པའི་ཞིང་ཆེན་གྱི་གཙོ་གནད་རྣམ་གྲངས་ནང་རིམ་རྩིས་བྱས་ན་ལས་གནས་སུ་ཕྱིར་ལོག་པའི་མི་གྲངས་ཁྲི22.9ཟིན་པ་དེས་རྒྱུན་གཏན་ལས་འགོ་སླར་གསོ་བྱས་ནས་ལས་གནས་སུ་ཕྱིར་ལོག་དགོས་པའི་མི་གྲངས་ཀྱི68.6%ཟིན་ཡོད་པ་རེད།

    དེའི་ནང་གནམ་ཐང་ཐད་ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་གི་ཨར་སྐྲུན་མངའ་ཁོངས་ཡོངས་ཀྱི་ཁེ་ལས49ལས་འགོ་སླར་གསོ་བྱས་པ་དང་རིམ་རྩིས་བྱས་ན་ལས་གནས་ཐོག་ཕྱིར་ལོག་པའི་ལས་བཟོ་བ9757(དེའི་ནང་ཨར་ལས་དོ་དམ་དང་འཐབ་ཕྱོགས་དང་པོའི་ཨར་ལས་མི་སྣ་ཚུད)ཡོད་ཅིང་། ལས་གནས་སུ་ཕྱིར་ལོག་པའི་ཚད93.8%ཟིན་ཡོད་པ་རེད། ལྕགས་ལམ་ཐད་ཞིང་ཆེན་ཡོངས་སུ་ཁྱོན་བསྡོམས་པས་འཛུགས་སྐྲུན་བྱེད་བཞིན་པའི་གཙོ་གནད་ལྕགས་ལམ་རྣམ་གྲངས10ཡོད་པ་དེ་དག་ཚང་མ་ལས་འགོ་སླར་གསོ་ཟིན་པ་དང་རིམ་རྩིས་བྱས་ན་ལས་གནས་སུ་ཕྱིར་ལོག་པའི་ལས་བཟོ་བ24950ཡོད་པ་དང་ལས་གནས་སུ་ཕྱིར་ལོག་ཚད73%ཟིན་ཡོད་པ་རེད། གཞུང་ལམ་དང་ཆུ་ཐོག་སྐྱེལ་འདྲེན་ཐད་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་དང་ཆུ་ཐོག་སྐྱེལ་འདྲེན་རྣམ་གྲངས་རིམ་རྩིས་བྱས་ན་མི74700ལྷག་ཙམ་ལས་གནས་སུ་ཕྱིར་ལོག་ཡོད་པ་དང་ལས་གནས་སུ་ཕྱིར་ལོག་ཚད56.9%ཟིན་ཡོད་པ་རེད། མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་རིམ་རྩིས་བྱས་ན་མི5400ལྷག་ཙམ་ལས་གནས་སུ་ཕྱིར་ལོག་ཡོད་པ་དང་ལས་གནས་སུ་ཕྱིར་ལོག་ཚད66.4%ཟིནཡོད། ཆུ་ཐོག་སྐྱེལ་འདྲེན་གཙོ་གནད་རྣམ་གྲངས་རིམ་རྩིས་བྱས་ན་མི2700ལྷག་ཙམ་ལས་གནས་སུ་ཕྱིར་ལོག་ཡོད་པ་དང་ལས་གནས་སུ་ཕྱིར་ལོག་ཚད83.5%ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།