ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་སྡེ་རོང་རྫོང་གིས་ཐབས་མང་མཉམ་སྤྱོད་དང་གནད་སྨིན་ཤུགས་འདོན་གྱིས་རྫོང་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ལས་འགོ་ཚུགས་ནས་ལས་འགོ་བསྐྱར་འཛུགས་བྱ་རྒྱུར་གོ་རིམ་ལྡན་པར་སྐུལ་འདེད་བཏང་ལ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་འབྱུང་བར་བརྩོན་ལེན་བྱས།
རྫོང་དེས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་འགོ་ཁྲིད་ཚན་ཆུང་བཙུགས་ནས། རྫོང་ཨུད་དང་རྫོང་སྲིད་གཞུང་གི་བཀོད་སྒྲིག་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་རྣམ་གྲངས་ལས་འགོ་བསྐྱར་འཛུགས་དང་ཁེ་ལས་ཐོན་སྐྱེད་སླར་གསོ་ལས་དོན་གྱི་འབྲེལ་ཡོད་བརྡ་ཐོ་བཟོས་ཤིང་། བསམ་བློ་གཅིག་གྱུར། གོ་རིམ་ངེས་གསལ། འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ་རྫོང་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ལ་མཛུབ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན།
རྫོང་འཕེལ་སྒྱུར་ཅུའུ་ཡིས་སྡེ་ཚན་ཁག་དང་ཚན་པ་ཁག རྣམ་གྲངས་ཚན་པ་ཁག་གིས་རྣམ་གྲངས་ལས་འགོ་ཚུགས་ནས་ལས་འགོ་བསྐྱར་འཛུགས་ཀྱི་འཆར་གཞི་བཟོ་རྒྱུར་མཛུབ་ཁྲིད་དང་། ལྟ་སྐུལ། མཐུན་སྦྱོར་བཅས་བྱས་ཏེ་རྫོང་ཡོངས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལས་འགོ་ཚུགས་ནས་ལས་འགོ་བསྐྱར་འཛུགས་ཀྱི་འཆར་གཞི་དང་ཞིབ་སྲོལ་ཇུས་གཞི་བཏོན་པ་དང་། ལས་འགོ་ཚུགས་ནས་ལས་འགོ་བསྐྱར་འཛུགས་ཆ་རྐྱེན་ལ་སླེབས་པའི་འཛུགས་སྐྲུན་རྣམ་གྲངས་ཐད་རྫོང་འཕེལ་སྒྱུར་ཅུའུ་ཡིས་རྫོང་འཕྲལ་སྡོམ་དོ་དམ་ཅུའུ་དང་། རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས། རྣམ་གྲངས་ཀྱི་དོ་བདག་ཚན་པ་བཅས་དང་ས་གནས་སུ་ལས་འགོ་བསྐྱར་འཛུགས་ཀྱི་ཆ་རྐྱེན་དང་མཐུན་མིན་ལ་ཞིབ་དཔྱད་དང་། ཆབས་ཅིག་ཏུ་རྣམ་གྲངས་ཀྱི་དོ་བདག་ཚན་པར“ཉིན་རེར་སྙན་སེང་ཞུ་བ”དང་ཉིན་ལྟར་འགན་འཁུར་བའི་གཙོ་གནད་རྣམ་གྲངས་ལས་འགོ་བསྐྱར་འཛུགས་ཀྱི་གནས་ཚུལ་དུས་ཐོག་ཏུ་གོང་ཞུ་བྱེད་དགོས་པའི་རེ་བ་བཏོན།
དུས་མཚུངས་སུ་ལས་འགོ་མ་ཚུགས་གོང་སྡེ་རོང་རྫོང་གིས་ཁ་པར་དང་དྲ་རྒྱ་སོགས་ཀྱི་ཐབས་སྤྱད་དེ་དོ་བདག་ཚན་པ་ཁག་དང་། འཛུགས་སྐྲུན་ཚན་པ། རྣམ་གྲངས་ཁག་གི་འགན་འཁུར་བ་བཅས་ལ“ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ཕྱོགས་ཅིག་ཤོས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པའི”བླང་བྱ་བརྒྱུད་བསྒྲགས་བྱས་པ་རེད།
ཟླ2བའི་ཚེས28ཉིན་བར་རྫོང་ཡོངས་ཀྱི་འཛུགས་སྐྲུན་རྣམ་གྲངས་སླར་གསོ་བྱེད་ཚད40%ཟིན་ཡོད། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
སྡེ་རོང་རྫོང་གི་གཙོ་གནད་རྣམ་གྲངས་ཀྱི་ལས་འགོ་བསྐྱར་འཛུགས་ཚད40%ཟིན།