ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེ་སྲོག་རི་བོ་ཐའེ་ཧྲན་ལས་ལྗིད་པས། རིམས་ནད་ནི་བཀའ་རྒྱ་ཡིན་ལ། སྔོན་འགོག་དང་ཚོད་འཛིན་ནི་འགན་འཁྲི་ཡིན། ཏོག་གསར་གློ་ཚད་ཐོན་པ་ནས་བཟུང་། རྔ་བ་ཁུལ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་ད་ཐེངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་གོང་རིམ་སྡེ་ཚན་ཁག་གིས་གློ་ཚད་སྔོན་འགོག་དང་ཚོད་འཛིན་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། སྤྱི་ཚོགས་ཀྱི་འགན་འཁྲིའི་ལས་ཀ་ཧུར་ཐག་ངང་བསྒྲུབས། རྔ་བ་ཁུལ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་རྩ་འཛུགས་འོག ཁུལ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཚོགས་མིའི་མཐུན་ཚོགས་ཁག་དང་། རང་ཁུལ་གྱི་རྩལ་ཁྲིད་པ་དང་། ཤན་འབྱེད་པ་དང་། རྐང་རྩེད་སྤོ་ལོའི་ལས་གཉེར་པ། རྐང་རྩེད་སྤོ་ལོར་དགའ་མཁན་སོགས་ཀྱིས་ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན། ཕྱོགས་བརྒྱད་ནས་རོགས་སྐྱོར་དང་། སེམས་ཤུགས་གཅིག་སྒྲིལ་བྱེད་པའི་རིམས་ནད་འགོག་བཅོས་ཀྱི་སྙིང་སྟོབས་བསྐྱེད་དེ། རིམས་ནད་ཀྱི་འཐབ་ས་དང་པོར་ཡོད་པའི་ལས་དོན་མི་སྣར་སྒོར་མོ་དང་དངོས་པོ་ཞལ་འདེབས་སུ་ཕུལ།
རྔ་བ་ཁུལ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བྱས་ཏེ་ཞལ་འདེབས་སྒོར་10720ཕུལ་བ་དང་། ཞལ་འདེབས་དངུལ་རྔ་བ་ཁུལ་རྒྱ་གྲམ་དམར་པོའི་ཚོགས་པར་སྤྲད་པ་དང་། དེ་རྔ་བ་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཐད་སྤྱད།
ལི་རྫོང་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་རང་འགུལ་ངང་ཞལ་འདེབས་སྒོར་4200གྲབས་གསོག་བྱས་ཏེ་མཉམ་སྡེབ་ཀྱི་མིང་ཐོག་ནས་ལིས་རྫོང་རྒྱ་གྲམ་དམར་པོའི་ཚོགས་པར་སྤྲད།
རྒྱུས་ལོན་པ་ལྟར་ན། རང་ཁུལ་གྱི་རྐང་རྩེད་སྤོ་ལོར་དགའ་མཁན་མང་པོ་ཞིག་གིས་རང་འགུལ་ངང་གཅེས་སེམས་མཚོན་པའི་ཞལ་འདེབས་ཕུལ་བ་དང་། དེ་དང་ཆབས་ཅིག ད་དུང་མཐུན་ཚོགས་ཀྱི་ཚོགས་མི་མང་པོ་ཞིག་གིས་དང་བླངས་ཞབས་ཞུའི་རྣམ་པའི་ཐོག་ནས་རིམས་འགོག་གི་བྱ་སྤྱོད་ལ་རྒྱབ་སྐྱོར་བྱེད་བཞིན་འདུག་གོ། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
རྔ་བ་ཁུལ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་རིམས་འགོག་ལ་ཞལ་འདེབས་ཕུལ།