སི་ཁྲོན་ལི་ཐང་​བོད་ཡུལ་དུ་ཞིང་འདེབས་འགོ་བརྩམས།

1.jpg

ཁ་ལོ་བ་ལ་རིམས་འགོག་གོ་རིམ་གྱི་བརྟག་བཤེར་བྱེད་བཞིན་པ། 

2.jpg

ཞིང་འདེབས་བཞིན་པའི་ཚུལ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2བའི་ཚེས25ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་མང་བཟང་ཤང་གི་ཁམས་བོད་ཉི་འོད་སྔོ་ཚལ་འདེབས་འཛུགས་རྟེན་གཞིའི་ས་གནས་འདྲུད་འཐེན་འཕྲུལ་འཁོར་ཁ་ལོ་བ5ལ་རིམས་འགོག་བརྟག་བཤེར་གྱི་གོ་རིམ་ནན་པོ་བྱས་རྗེས། ཁ་ཐུམ་བརྒྱབ་ནས་ཡངས་ཤིང་རྒྱ་ཆེ་བའི་ས་ཞིང་ཐོག་ཞིང་འདེབས་འགོ་བརྩམས་པ་དེས་མང་བཟང་དེང་རབས་ཞིང་ལས་ཐོན་ལས་གླིང་ཁུལ་དུ་དཔྱིད་རྨོད་འགོ་ཚུགས་པ་མཚོན།

 རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3700ཟིན་པའི་ཁམས་བོད་ཉི་འོད་གཉིས་གཏོད་ལྟེ་གནས་སུ་ལ་ཕུག་དང་། ཀྲོ་མ་ཀྲུ་ཆུང་ངུ། ས་སེའུ་སོགས་གླིང་སྣེའི་ས་ཁུལ་གྱི་ཤིང་འབྲས་དང་སྔོ་ཚལ་ཚོད་འདེབས་བྱེད་པ་དང་། འདེབས་གསོ་རྟེན་གཞིར་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་མངོན་འགྱུར་བྱུང་བ་དེའི་ནང་ལ་ཕུག་དཀར་པོའི་ཐོན་ལས་ཀྱིས་སི་ཁྲོན་ཞིང་ཆེན་གྱི་ཐོན་ལས་འཁོར་འབྲེལ་ཡོངས་ཀྱི་འཕྲུལ་ཆས་ཅན་གྱི་རྨོ་འདེབས་དང་། འདེབས་བསྡུ། བསྡུ་ལེན་བཅས་མངོན་འགྱུར་བྱུང་བ་མ་ཟད། ཤང་ཀང་དང་ཨའོ་མོན་སོགས་ལ་ཐད་ཀར་ཕྱིར་ཚོང་བྱས་པ་དང་། ཡང་དཔེ་སྟོན་ཁྱབ་གདལ་བཏང་བ་བརྒྱུད་དེ་མཐོ་སྒང་ཏུ་གཞི་ཁྱོན་ཅན་མེད་པའི་ལྗང་མདོག་སྔོ་ཚལ་འདེབས་འཛུགས་ཀྱི་ལོ་རྒྱུས་རྩ་བ་ནས་བསྒྱུར། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།