གཟི་ཚ་སྡེ་དགུའི་ལྷའི་རྫིང་བུ་སོགས་ཀྱི་ལྗོངས་ཁུལ་སྨན་བཅོས་མི་སྣར་རིན་མེད་ངང་སྒོ་འབྱེད་རྒྱུ་རེད།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ2པའི་ཚེས17ཉིན་གསར་འགོད་པས་གཟི་ཚ་སྡེ་དགུ་རྫོང་གི་རིག་གནས་ལུས་རྩལ་དང་ཡུལ་སྐོར་ཅུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གཉེར་སྐྱོང་སླར་གསོ་བྱས་པ་ནས2021ལོའི་ཟླ12པའི་ཚེས31ཉིན་བར་གཟི་ཚ་སྡེ་དགུ་རྫོང་གི་ལྷའི་རྫིང་བུ་དང་། ཅ་ཝུའུ་རྫིང་བུ། ཀན་མཚེའུ། ཏ་ལུའུ་བོད་རིགས་གནའ་གྲོང་། ཅ་ཝུའུ་མཚོའི་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་གླིང་བཅས་ལྗོངས་ཁུལ་རྒྱལ་ཡོངས་ཀྱི་སྨན་བཅོས་མི་སྣར་རིན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད།

 འབྲེལ་ཡོད་འགན་འཁུར་མི་སྣས་གོང་གསལ་ལྗོངས་ཁུལ་ལས་གཉེར་སླར་གསོ་བྱས་རྗེས་རྒྱལ་ཡོངས(ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་ས་ཁུལ་ཚུད་པ)ཀྱི་སྨན་བཅོས་ལས་དོན་གྱི་འབྲེལ་ཡོད་ལག་ཁྱེར་ཡོད་པའི་སྨན་པ་དང་། ནད་གཡོག སྨན་རྩལ་མི་སྣ་བཅས་ཀྱིས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་། སྨན་བཅོས་ལས་དོན་གྱི་ལག་ཁྱེར་མ་ཡིག་འཁྱེར་ནས་ཐོ་འགོད་བྱས་ན་རིན་མི་དགོས་པར་ཡུལ་སྐོར་བྱེད་ཆོག་ཅེས་ངོ་སྤྲོད་བྱས།

 གཞན་ཡང་ལི་རྫོང་གི་སྲེག་རི་རང་བྱུང་སྤྱི་གླིང་དང་ཧུང་ཡོན་ཨུ་མེ་ཐང་གི་མེ་ཏོག་གླིང་། ཟླ་བའི་མཚོ་ཁུག་སོགསA4ཡི་ལྗོངས་ཁུལ4དང་དེ་བཞིན་མཛོད་དགེའི་ཆུ་ཐ་ཆུ་ཚན་ལྗོངས་ཁུལ་དུ་ལས་གཉེར་སླར་གསོ་བྱས་པ་ནས2020ལོའི་ཟླ12པའི་ཚེས31ཉིན་བར་རྒྱལ་ཡོངས་ཀྱི་སྨན་བཅོས་མི་སྣར་རིན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་དང་།

 རྔ་བ་ཁུལ་གྱི་ལྗོངས་ཁུལ་ཚང་མ་ཟླ1པའི་ཚེས29ཉིན་ཕྱི་ཕྱོགས་སུ་སྒོ་འབྱེད་མཚམས་བཞག་ནས་སླར་གསོ་བྱེད་པའི་དུས་ཚོད་ད་དུང་གཏན་འཁེལ་བྱས་མེད་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།