རིམས་འགོག་ལས་ཡུལ་དུ་རྟའུའི་ལས་བྱེད་པ5ཡི་གོ་གནས་སྤར་འདུག

ཀྲུང་གོ་བོད་ཀྱི་དྲ་བའ་འཕྲིན། ཉེ་ཆར། རྟའུ་རྫོང་ཨུས《ཀྲུང་གུང་རྟའུ་རྫོང་ཨུའི་ཏང་མི་དང་ལས་བྱེད་པ། ཤེས་ལྡན་མི་སྣ་བཅས་ཀྱིས་རིམས་འགོག་གི་ལས་ཡུལ་དུ་འགན་ཁུར་ལས་སྒྲུབ་ཡག་པོ་བྱེད་པར་སྐུལ་ལྕག་བྱེད་པའི་སྐོར་གྱི་བྱེད་ཐབས་བདུན》ཞེས་པ་བཀྲམས་ནས། རྒྱ་ཆེ་བའི་ཏང་མི་དང་ལས་བྱེད་པ། ཤེས་ལྡན་མི་སྣ་བཅས་ཀྱིས་རིམས་ཚུལ་འགོག་བཅོས་ཚོད་འཛིན་གྱི་ལས་ཡུལ་དུ་རང་འགན་ལེགས་སྒྲུབ་དང་འགན་ཁུར་ལས་སྒྲུབ།བློ་སེམས་བདེ་པོས་འབད་འཐབ་བཅས་བྱེད་པར་སེམས་ཁུར་དང་སྐུལ་མ། སྣེ་ཁྲིད་བཅས་བྱས་པ་རེད།

ད་ལྟའི་བར་ལས་བྱེད་པ5ཡི་གོ་གནས་མྱུར་སྤར་བྱས་ཡོད་ལ། དེའི་ཁྲོད་དུ་མི་གཉིས་ད་ལྟ་ཡོངས་བསྒྲགས་བྱེད་སྒང་ཡིན་པ་རེད། ཁོང་ཚོ་ནི་སུ་དང་སུ་རེད་ཟེར་ན།

ད་ལྟ་རྟའུ་རྫོང་མི་དམངས་སྨན་ཁང་གི་འགོ་གཙོའི་ལས་རོགས་པ་ཁྲེན་ཅུན་ཏེ། རྟའུ་རྫོང་དོན་ལས་སྡེ་ཚན་གྱི་ཁོ་རིམ་པ་གཞོན་པའི་འགོ་ཁྲིད་ཀྱི་གོ་གནས་སྤྲད་པ་རེད།

ད་ལྟ་རྟའུ་རྫོང་ཁུག་ཆ་ཡུལ་ཤོག་མི་དམངས་དྲག་ཆས་པུའུ་དང་ཡུལ་ཤོག་གི་ཡུལ་དཔོན་གཞོན་པ་ཆིང་པེའོ་སྟེ། རྟའུ་རྫོང་ཡུལ་ཤོག་དང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་གོ་ས་སྤྲད་པ་རེད།

ད་ལྟ་རྟའུ་རྫོང་སྤྱི་བདེ་ལས་ཁུངས་ཉེས་དོན་ཉེན་རྟོག་རུ་ཁག་གི་སློབ་སྟོན་པ་ལི་མིང་ཝང་སྟེ། རྟའུ་རྫོང་སྤྱི་བདེ་ལས་ཁུངས་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་རུ་དཔོན་གྱི་གོ་ས་སྤྲད་པ་རེད།

ད་ལྟ་རྟའུ་རྫོང་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱི་སློབ་གསོ་དང་ལུས་རྩལ་ཅུས་སུ་བཅའ་སྡོད་བྱེད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཚོ་དཔོན་ཀྲང་ཧེ་ཐའོ་སྟེ། རྟའུ་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པའི་གོ་གནས་སྤྲད་པ་རེད།

ད་ལྟ་རྟའུ་རྫོང་དགེ་བཤེས་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཡུལ་ཤོག་གི་ཡུལ་དཔོན་གཞོན་པ་བློ་བཟང་ཡེ་ཤེས་ཏེ། རྟའུ་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ལས་ཁུངས་ཏང་ཨུའི་ཧྲུའུ་ཅིའི་གོ་གནས་སྤྲད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།