དཀར་མཛེས་ཁུལ་གྱིས་འཐབ་ས་དང་པོའི་སྨན་བཅོས་མི་སྣར་མི་ལུས་ཉེན་འགོག་སྒོར་ཁྲི3111སྤྲད།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་སྨན་བཅོས་མི་སྣའི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་ཡག་པོ་བྱ་ཆེད། དཀར་མཛེས་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་རྟའུ་རྫོང་གི་འཐབ་ས་དང་པོའི་སྨན་བཅོས་མི་སྣར་མི་ལུས་དང་རྒྱུ་ནོར་ཉེན་འགོག་དཀར་མཛེས་ཁུལ་ཡན་ལག་ཀུང་སིས་འགན་ལེན་བྱས་པའི་སྨན་བཅོས་མི་སྣའི་ཁྲིམས་བཀོད་འགོས་ནད་འགན་འཁྲིའི་ཉེན་འགོག་སྤྲད་དེ་དུས་ཡུན་ལོ་གཅིག་ཡིན་ལ། ཉེན་འགོག་འགན་འཁྲིའི་ནང་ཏོག་གསར་གློ་ཚད་སོགས་ཀྱི་འགོས་ནད་རིགས12གཏན་འཁེལ་བྱས་ཡོད་པ་དང་། ནད་བྱུང་ནས་ཤི་བ་དང་སྨན་ཁང་དུ་སྡོད་པའི་ཁ་གསབ་སོགས་ཀྱང་འདུས། མི་རེའི་འགྲོ་གྲོན་རྩིས་ཞུ་བྱེད་ཚད་མཐོ་ཤོས་སྒོར་ཁྲི30.50ཡིན་པ་རེད།

 རིམས་ནད་ནི་བཀའ་རྒྱ་དང་སྔོན་འགོག་ཚོད་འཛིན་ནི་འགན་འཁྲི་སྟེ། ཏོག་གསར་གློ་ཚད་བྱུང་བའི་ཚུན་དཀར་མཛེས་ཁུལ་གྱི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པ་དང་ལས་དོན་མི་སྣས་རང་གི་བདེ་སྡུག་ལ་མ་འཛེམས་པར་རིམས་ནད་འགོག་བཅོས་ཀྱི་འཐབ་ས་དང་པོ་ནས་འབད་འཐབ་བྱས། མི་ལུས་དང་རྒྱུ་ནོར་ཉེན་འགོག་དཀར་མཛེས་ཁུལ་ཡན་ལག་ཀུང་སི་ནི་རྒྱལ་དབང་ཉེན་འགོག་ཁེ་ལས་ཡིན་པའི་ཆ་ནས། སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་སྒོས་ཁུར་ནས་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་དང་། ལྟ་སྐུལ་དོ་དམ་སྡེ་ཚན་གྱི་མཛུབ་ཁྲིད་འོག་རང་འགུལ་གྱིས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་འབྲེལ་བ་བཙུགས་ནས་དཀའ་ངལ་ཡོད་ཚད་སེལ་ཏེ་ཉེན་འགོག་ལས་དོན་ལེགས་པོར་བསྒྲུབས།

ཀུང་སི་དེས་2020ལོའི་ཟླ2བའི་ཚེས19ཉིན་གྱི་བར་ཞིང་ཆེན་ཡོངས་ཀྱི་རོགས་སྐྱོར་བྱ་ཡུལ་རྟའུ་རྫོང་གི་གློ་ཚད་རིམས་ནད་འགོག་བཅོས་དང་སྨན་བཅོས་འགན་ཁུར་བའི་ལས་དོན་མི་སྣ102ལ་ཁྱོན་སྒོར་ཁྲི3111གི་ཉེན་འགོག་འགན་ལེན་བྱས་པ་དང་། འཕྲིན་ཐུང་གི་ལམ་ནས་འཐབ་ས་དང་པོའི་སྨན་བཅོས་མི་སྣ་རྣམས་ལ་བསྐུར་ནས་ཁུལ་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་བསྐྱལ་བ་རེད། ། 

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།