ལི་ཐང་རྫོང་གི་ཆོས་ལུགས་ལས་རིགས་ཀྱིས་ཞལ་འདེབས་ཕུལ་ནས་རིམས་ནད་འགོག་བཅོས་ཐད་རམ་འདེགས་བྱས།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ2པའི་ཚེས18ཉིན་གསར་འགོད་པས་ལི་ཐང་རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྫོང་དེའི་ཆོས་ལུགས་ལས་རིགས་ཀྱིས་སྔ་རྗེས་སུ་སྒོར་ཁྲི150ལྷག་ཙམ་དང་རིམས་འགོག་དངོས་ཟོག་ཁག་གཅིག་གི་ཞལ་འདེབས་སུ་ཕུལ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རམ་འདེགས་བྱས་པ་རེད།

 ཏོག་གསར་གློ་ཚད་བྱུང་བའི་ཚུན། ལི་ཐང་རྫོང་ཆོས་ལུགས་ལས་རིགས་ཀྱིས་རང་མོས་ངང་དངུལ་དང་དངོས་ཟོག་གི་ཞལ་འདེབས་ཕུལ་བའི་བྱ་འགུལ་སྣ་ཚོགས་སྤེལ་ནས་རིམས་ནད་སྔོན་འགོག་ལ་རམ་འདེགས་ཆེན་པོ་བྱས་པ་དང་། རིམས་ནད་གང་སར་མི་མཆེད་པའི་ཕྱིར་དུ་ཁོ་ཚོས་རང་གི་སྟོབས་ཤུགས་ཡོད་ཚད་བཏོན། ཟླ2བའི་ཚེས18ཉིན་བར་ལི་ཐང་རྫོང་གི་ཆོས་ལུགས་ལས་རིགས་ཀྱིས་སྔ་རྗེས་སུ་སྒོར1504275དང་། N95ཁ་ཐུམ་3000 ། སྤྱིར་བཏང་གི་སྨན་སྤྱོད་ཁ་ཐུམ36400 ། སྨན་སྤྱོད་ཕྱི་ནད་ཚན་ཁག་གི་གདོང་ཁེབས1000 ། མིག་ཤེལ100 ། དྲོད་ཚད་འཇལ་ཆས20བཅས་ཀྱི་ཞལ་འདེབས་ཕུལ་བ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།