རྒྱལ་ཡོངས་ནད་པ་ཁྲི་2བརྒལ། དཀར་མཛེས་ཁུལ་དུ་ནད་པ8ལ་སླེབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ2པའི་ཚེས3ཉིན་གྱི་ཆུ་ཚོད24བར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལ་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱུང་བའི་ནད་པ20438(ཧེ་ལུང་ཅང་ཞིང་ཆེན་དུ་ནད་པ2ཉུང་དུ་ཕྱིན་པ་)ཡི་སྙན་ཞུ་འབྱོར་ཡོད་པ་དང་།  ད་ལྟ་ནད་གཞི་ཚབས་ཆེན་ཡིན་པའི་ནད་པ2788ཡོད།  རིམ་རྩིས་བྱས་ན་རྐྱེན་ལམ་དུ་ཤོར་བའི་ནད་པ425ཡོད་པ་དང་། དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཐོན་པའི་ནད་པ632དང་དོགས་ཡོད་ནད་པ23214ཡོད་པ་རེད།

སྤྱི་ཟླ2པའི་ཚེས3ཉིན་གྱི་ཆུ་ཚོད24བར།  སི་ཁྲོན་ཞིང་ཆེན་དུ་ནད་པ28(དཀར་མཛེས་ཁུལ་ལ་ནད་པ2)ཇེ་མང་ཕྱིན་ཡོད་པ་དང་།  མིག་སྔར་ནད་པ282གཏན་འཁེལ་བྱུང་ཟིན་ལ།  དེའི་ཁྲོད་ནད་གཞི་ཚབས་ཡིན་པའི་ནད་པ13དང་ཚེ་ལས་འདས་པ1ཡོད།  ད་དུང་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་པའི་ནད་པ14ཡོད་པ་རེད།  གཞན་ཡང་མི6176ལ་གསོ་རིག་བརྟག་དཔྱད་བྱེད་བཞིན་ཡོད་ལ།  དེ་ལས་ཉིན་དེར་མི563ལ་ནད་འགོས་མེད་པ་ཐག་བཅད་ཟིན།

དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན།

སྤྱི་ཟླ2པའི་ཚེས་3ཉིན།  དཀར་མཛེས་ཁུལ་དུ་གློ་རིམས་གསར་པའི་ནད་པ་གཉིས་ཇེ་མང་ཕྱིན་འདུག །

ནད་པ་གཅིག་གི་མིང་ལ་འཆི་ཆེ་གེ་མོ་ཟེར།  ལོ51ཡིན།  ཕོ།  དཀར་མཛེས་ཁུལ་རྟའུ་རྫོང་གི་མི་ཡིན།  སྤྱི་ཟླ་དང་པོའི་ཚེས24ཉིན་ནས་ལུས་པོ་མི་བདེ་ཞིང་སྤྱི་ཟླ་2པའི་ཚེས་1ཉིན་སྨན་པ་ལ་བསྟེན་པ་རེད།

ནད་པ་གཞན་ཞིག་གི་མིང་ལ་བློ་ཆེ་གེ་མོ་ཟེར།  ལོ36ཡིན།  ཕོ།  དཀར་མཛེས་ཁུལ་རྟའུ་རྫོང་གི་མི་ཡིན།  སྤྱི་ཟླ་དང་པོའི་ཚེས15ཉིན་བོད་ལྗོངས་ཉིང་ཁྲི་ནས་རྟའུ་རུ་ལོག ཚེས་ 25ཉིན་ལུས་པོ་མི་བདེ་ཞིང་སྤྱི་ཟླ2པའི་ཚེས1ཉིན་སྨན་པར་སྟོན་དུ་སོང་། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།