ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་དུ་གསར་དུ་ནད་ངོ་བཟུང་བའི་ནད19ཡོད་པ་དང་། ནད་ལས་ཐར་བའི་ནད་པ9ཡོད། རྒྱལ་ཡོངས་སུ་གསར་དུ་ནད་ངོ་བཟུང་བའི་ནད་པ3887ཡོད། ཧུའུ་པེ་ཞིང་ཆེན་དུ་གསར་དུ་ནད་ངོ་བཟུང་བའི་ནད་པ3156ཡོད།
སི་ཁྲོན་ཞིང་ཆེན་གྱི་གནས་ཚུལ།
སི་ཁྲོན་ཉིན་རེའི་གསར་འགྱུར་ཁང་ནས་ཟླ2པའི་ཚེས4ཉིན་འབྱོར་བའི་གནས་ཚུལ་ལྟར་ན། ཟླ2པའི་ཚེས4ཉིན་གྱི་དུས་ཚོད0ནས24བར་དུ། སི་ཁྲོན་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པ19གསར་དུ་ཐོན་པ་དང། ནད་ལས་ཐར་བའི་ནད་པ་9ཡོད་འདུག
གསར་དུ་ནད་ངོ་བཟུང་བའི་ནད་པའི་ཁྲོད་དུ་ཁྲེང་ཏུའུ་གྲོང་ཁྱེར་དུ་ནད་པ5ཡོད། ཏ་ཀྲུའུ་གྲོང་ཁྱེར་དུ་ནད་པ4ཡོད། པ་ཀྲུང་གྲོང་ཁྱེར་དུ་ནད་པ3ཡོད། དཀར་མཛེས་ཁུལ་དུ་ནད་པ2ཡོད། ཕན་ཀྲི་ཧྭ་གྲོང་ཁྱེར་དུ་ནད་པ1ཡོད། ལུའུ་ཀྲུའུ་གྲོང་ཁྱེར་དུ་ནད་པ1ཡོད། ནན་ཁྲུང་གྲོང་ཁྱེར་དུ་ནད་པ1ཡོད། གཡག་རྔ་གྲོང་ཁྱེར་དུ་ནད་པ1ཡོད། ལིའང་ཧྲན་ཁུལ་དུ་ནད་པ1ཡོད། གོང་ཨན་གྲོང་ཁྱེར་དུ་ནད་པ3ཡོད། ནའེ་ཅང་གྲོང་ཁྱེར་དུ་ནད་པ3ཡོད།
གསར་དུ་ནད་ལས་ཐར་བའི་ནད་པའི་ཁྲོད་དུ་སུའེ་ཉིང་གྲོང་ཁྱེར་དུ་ནད་པ7ཡོད། མེན་དབྱང་གྲོང་ཁྱེར་དུ་ནད་པ1ཡོད། མེ་ཧྲན་གྲོང་ཁྱེར་དུ་ནད་པ1ཡོད།
ཟླ2པའི་ཚེས4ཉིན་གྱི་མཚན་མོའི་དུས་ཚོད་བཅུ་གཉིས་སུ། རང་རེའི་ཞིང་ཆེན་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པ301གྲོང་ཁྱེར་(ཁུལ)ཉེར་གཅིག་ཏུ་ཁྱབ་ཡོད། དེའི་ཁྲོད་དུ་ཁྲེང་ཏུའུ་གྲོང་ཁྱེར་དུ་ནད་པ92ཡོད། ནན་ཁྲུང་གྲོང་ཁྱེར་དུ་ནད་པ28ཡོད། གོང་ཨན་གྲོང་ཁྱེར་དུ་ནད་པ24ཡོད། མེན་དབྱང་གྲོང་ཁྱེར་དུ་ནད་པ17ཡོད། ཏ་ཀྲུའུ་གྲོང་ཁྱེར་དུ་ནད་པ17ཡོད། ནའེ་ཅང་གྲོང་ཁྱེར་དུ་ནད་པ15ཡོད པ་ཀྲུང་གྲོང་ཁྱེར་དུ་ནད་པ15ཡོད། ཏེ་དབྱང་གྲོང་ཁྱེར་དུ་ནད་པ12ཡོད། ཕན་ཀྲི་ཧྭ་གྲོང་ཁྱེར་དུ་ནད་པ11ཡོད། ལུའུ་ཀྲུའུ་གྲོང་ཁྱེར་དུ་ནད་པ་10ཡོད། དཀར་མཛེས་ཁུལ་དུ་ནད་པ10ཡོད། ཙི་གུང་གྲོང་ཁྱེར་དུ་ནད་པ་9ཡོད། དབྱི་པིན་གྲོང་ཁྱེར་དུ་ནད་པ7ཡོད། ལིའང་ཧྲན་ཁུལ་དུ་ནད་པ7ཡོད། གོང་ཡོན་གྲོང་ཁྱེར་དུ་ནད་པ6ཡོད། གཡག་རྔ་གྲོང་ཁྱེར་དུ་ནད་པ6ཡོད། སུའེ་ཉིང་གྲོང་ཁྱེར་དུ་ནད་པ5ཡོད། མེ་ཧྲན་གྲོང་ཁྱེར་དུ་ནད་པ་5ཡོད། ལེ་ཧྲན་གྲོང་ཁྱེར་དུ་ནད་པ2ཡོད། ཙི་དབྱང་གྲོང་ཁྱེར་དུ་ནད་པ2ཡོད། རྔ་བ་ཁུལ་དུ་ནད་པ1ཡོད།
ནད་པ301ཁྲོད་དུ་ནད་གཞི་ལྕི་བའི་ནད་པ14དང་ནད་པ1རྐྱེན་ལམ་དུ་ཤོར་ཅིང་། ནད་ལས་ཐར་བའི་ནད་པ23ཡོད།
གསོ་རིག་བརྟག་དཔྱད་བྱེད་བཞིན་པའི་ནད་པ6393ཡོད་པ་དང་། གསོ་རིག་བརྟག་དཔྱད་མི་དགོས་པའི་ནད་པ824ཡོད།
རྒྱལ་ཡོངས་ཀྱི་གནས་ཚུལ།
ཟླ2པའི་ཚེས4ཉིན་གྱིས་དུས་ཚོད0ནས24ཡི་བར་དུ། ཞིང་ཆེན31དང་(རང་སྐྱོང་ཁུལ། ཁོངས་གཏོགས་གྲོང་ཁྱེར)དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཏོག་དབྱིབས་ནད་དུག་འགོས་པའི་ནད་པ3887གསར་དུ་ནད་ངོ་བཟུང་(ཧུའུ་པེ་ཞིང་ཆེན་དུ་ནད་པ3156ཡོད)བ་དང་། ནད་གཞི་ལྕི་བའི་ནད་པ431གསར་དུ་ནད་ངོ་བཟུང་།(ཧུའུ་པེ་ཞིང་ཆེན་དུ་ནད་པ377ཡོད) གསར་དུ་ཤི་བའི་ནད་པ65ཡོད(ཧུའུ་པེ་ཞིང་ཆེན་དུ་ནད་པ65ཡོད)ཅིང་། གསར་དུ་ནད་ལས་ཐར་བའི་ནད་པ262ཡོད། (ཧུའུ་པེ་ཞིང་ཆེན་དུ་ནད་པ125)གསར་དུ་བྱུང་བའི་དོགས་ཡོད་ནད་པ3971ཡོད(ཧུའུ་པེ་ཞིང་ཆེན་དུ་ནད་པ1957ཡོད།)
ཟླ2པའི་ཚེས4ཉིན་གྱི་མཚན་མོའི་དུས་ཚོད་བཅུ་གཉིས་བར་དུ། ཞིང་ཆེན31དང་(རང་སྐྱོང་ཁུལ། ཁོངས་གཏོགས་གྲོང་ཁྱེར)ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་ནད་པ24324(ཧའེ་ནན་ཞིང་ཆེན་དུ་ཞིབ་བཤེར་ཉུང་འཕྲིའི་ནད་པ1)ཡོད་པ། ད་ལྟ་ནད་གཞི་ལྕི་བའི་ནད་པ3219ཡོད་པ། ཕྱི་མའི་ཡུལ་དུ་བརྫངས་པའི་ནད་པ490ཡོད་པ། ནད་ལས་ཐར་བའི་ནད་པ892ཡོད་པ། (ཧའེ་ནན་ཞིང་ཆེན་དང་ཧུའུ་པེ་ཞིང་ཆེན་དུ་ཞིབ་བཤེར་ཉུང་འཕྲིའི་ནད་པ་གཅིག་རེ་ཡོད།) ད་ལྟ་དོགས་ཡོད་ནད་པ་23260ཡོད་པའི་གནས་ཚུལ་རྒྱལ་ཁབ་ཀྱི་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དུ་འབྱོར་ཡོད།
མིག་སྔར། ཕན་ཚུན་འབྲེལ་འདྲིས་ཟབ་མོ་ཡོད་པའི་མི252154རྗེས་དེད་པ་དང་། ཉིན་དེར། གསོ་རིག་བརྟག་དཔྱད་བྱེད་པའི་མི18457ནད་མེད་ཅིང་། མི185555ཡིས་གསོ་རིག་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན།
ཞང་ཀང་དང་ཨའོ་མོན། ཐའེ་ཝན་ས་ཁུལ་དུ་ནད་ངོ་བཟུང་བའི་ནད་པ39ཡོད་པའི་ཁྲོད་དུ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ18ཡོད(ནད་པ1ཤི་བ།)པ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ10ཡོད་ཅིང་། ཐའེ་ཝན་ས་ཁུལ་དུ་ནད་པ11ཡོད།
ཟླ2པའི་ཚེས4ཉིན་གྱི་དུས་ཚོད0ནས24ཡི་བར་དུ། ཧུའུ་པེ་ཞིང་ཆེན་དུ་གསར་དུ་ནད་ངོ་བཟུང་བའི་ནད་པ3156ཡོད་ཅིང་། བསྡོམས་པས་ནད་པ16678ཡོད་དོ། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
སི་ཁྲོན་དུ་གསར་དུ་ནད་ངོ་བཟུང་བའི་ནད་པ་19ཡོད།