རྔ་བ་ཁུལ་དུ་དོགས་ཡོད་ནད་པ་གཉིས་གསར་དུ་ནད་ངོས་བཟུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས3ཉིན་གྱི་དུས་ཚོད13སྟེང་།   རྔ་བ་ཁུལ་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀ་སྒྲུབ་པ་གཤམ་གསལ།   

གཅིག  རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་སྒོ་སྤེལ་བའི་གནས་ཚུལ། 

ཁུལ་མི་དམངས་སྨན་ཁང་གིས་ལོགས་སུ་བཀར་བའི་ནད་པ་གཅིག་གི་ནད་བབ་རྒྱུན་ལྡན་ཡིན་པ་དང་།   སྨན་ཁང་གིས་མུ་མཐུད་དུ་ལོགས་སུ་བཀར་ནས་སྨན་བཅོས་བྱས་དང་བྱེད་ཀྱིན་གདའ།   གསར་དུ་ནད་ངོ་བཟུང་བའི་ནད་པ་གཉིས་(ཝུན་ཁྲོན་དུ་ནད་པ་གཅིག་དང་གཟི་རྩ་སྡེ་དགུར་ནད་པ་གཅིག)ཡོད་ཅིང་ཉིང་རྡུལ་སྐྱུར་རྫས་ཀྱི་བརྟག་དཔྱད་བྱས་རྗེས་ལྐོག་གྱུར་ཡིན།   ཁུལ་རིམས་འགོག་ལྟེ་གནས་ཀྱིས་ནད་པར་བརྟག་དཔྱད་བྱེད་པའི་དམར་དཔེ102ཡོད།  དེ་དག་ལས་ནད་པ་གཅིག་(ཀུའོ་ཆེ་གེ་མོ)ལས་གཞན་ཚང་མའི་དཔྱད་འབྲས་ལྐོག་གྱུར་ཡིན་པས།   དཔྱད་འབྲས་ཀྱི་དམར་དཔེ་101ལྐོག་གྱུར་ཡིན།  

གཉིས།  རིམས་འགོག་གི་སྡིངས་ཆ་བཙུགས་པའི་གནས་ཚུལ།  

རིམས་འགོག་གི་སྡིངས་ཆ་འཛུགས་པར་མུ་མཐུད་དུ་ཤུགས་བསྣན་ནས།  རིམས་འགོག་གི་ལས་ཀྱི་སྣེ་མོ་བ570དང་དམག་མི448བཀོད་སྒྲིག་བྱས་ཏེ།   བསྡོམས་པས་རིམས་འགོག་གི་ལས་ཀྱི་སྣེ་མོ་བ2959དང་དམག་མི3393བཀོད་སྒྲིག་བྱས།   རྫོང་སོ་སོའི་(གྲོང་ཁྱེར)འགྲིམ་འགྲུལ་གྱི་འགག་མདོ་རུ་རིམས་འགོག་གི་སྡིངས་ཆ56གསར་དུ་བཙུགས་ཏེ།   མི་དང་རླངས་འཁོར་འགྲོ་འོང་ལ་དུས་ཚོད་ཉེར་བཞིའི་རིང་བརྟག་དཔྱད་གནད་དུ་འཐིང་བར་བྱས།   སྔ་ཕྱིར་རླངས་འཁོར115896ལ་བརྟག་དཔྱད་བྱས་པར་མ་ཟད།   མི339544ལ་བརྟག་དཔྱད་བྱས་པས་དོགས་ཡོད་ནད་པ་གཅིག་ཀྱང་མ་རྙེད། སྨན་བཅོས་ལས་ཁུངས་དང་རིམས་འགོག་གི་སྡིངས་ཆ་གཙོ་བོ་ཡོད་སའི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ489.43དུ་དུག་སེལ་གྱི་ལས་ཀ་ནན་གྱིས་བསྒྲུབས།  

གསུམ།   ཁྲོམ་རའི་དོ་དམ་དང་ཚོད་འཛིན་གྱི་གནས་ཚུལ།  

ཁུལ་ཡོངས་ཀྱི་ལྗོངས་ཁུལ་ཡོད་དོ་ཅོག་སྒོ་བརྒྱབ་ཅིང་།  དཔེ་མཛོད་ཁང་དང་།   རིག་གནས་ཁང་།   རྟེན་མཛོད་ཁང་།   གློག་བརྙན་ཁང་།  རོལ་རྩེད་ཁང་།  དྲྭ་ཁང་སོགས་མི་ཚོགས་འདུ་འཛི་རྒོད་ས་ཀུན་པོ་གནས་སྐབས་སུ་མཚམས་བཞག་པ་དང་།   ཁུལ་དང་གྲོང་ཁྱེར་དུ་འགྲོ་འོང་བྱེད་པའི་སྤྱི་སྤྱོད་རླངས་འཁོར་ཆ་ཀུན་ནས་འགྲོ་མཚམས་བཞག   ཁུལ་ཡོངས་ཀྱི་ཆོས་ལུགས་ཀྱི་ཆོ་ག་ཡོད་ཚད་ཕྱིར་འཐེན་བྱས།   ཁུལ་ཡོངས་ཀྱི་ཟ་ཁང5522དང་མགྲོན་ཁང2364དང་།    ཞིང་བའི་སྤྲོ་སྐྱིད་གླིང606བཅས་གནས་སྐབས་སུ་མཚམས་བཞག   

བཞི།  ཕྱིར་ལོག་པའི་མི་གྲངས་ཀྱི་གནས་ཚུལ།    

ཟླ2པའི་ཚེས3ཉིན་གྱི་དུས་ཚོད་བཅུ་གསུམ་གྱི་སྟེང་།   རང་ཁུལ་དུ་ཧུའུ་པེ་ཞིང་ཆེན་ནས་ཕྱིར་ལོག་པའི་མི1075ཡོད་ལ་དེའི་ཁྲོད་དུ་ཧུའུ་པེའི་མི116(དེའི་ཁྲོད་དུ་ཝུའུ་ཧན་གྱི་མི17)ཡོད།   གཙོ་བོ་མའོ་རྫོང་དང་ཝུན་ཁྲོན་རྫོང་།  ཆུ་ཆེན་རྫོང་།  ཁྲོ་ཆུ་རྫོང་།  གཟི་རྩ་སྡེ་དགུ་རྫོང་།  རྔ་བ་རྫོང་སོགས་ཀྱི་ས་ཁུལ་དུ་ལྟ་སྐུལ་དང་དོ་དམ་ལས་ཀར་ཤུགས་བསྣན།   མིག་སྔའི་བར་དུ་དོགས་ཡོད་མི་སྣ་གཅིག་ཀྱང་མ་རྙེད།  

ལྔ།  དམིགས་བཙུགས་སྨན་ཁང་གི་བྱ་བའི་གནས་ཚུལ།  

ཁུལ་མི་དམངས་སྨན་ཁང་གིས་དམིགས་སུ་བཙུགས་པའི་སྨན་ཁང་གི་ནུས་པ་ཐོན་པ་དང་།  ཝུན་ཁྲོན་རྫོང་མི་དམངས་སྨན་ཁང་གིས་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཆེས་ཆེར་ཐོན།   ཁུལ་དང་རྫོང་གི་དམིགས་བཙུགས་སྨན་ཁང་དུ་ནད་ཁང184གསར་དུ་བསྣན་ཅིང་བསྡོམས་པས་ཉལ་ཁྲི362ཡོད།      ཁུལ་ཡོངས་ཀྱི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་སྨན་བཅོས་ལས་ཁུངས་སུ་མ་དངུལ་སྒོར་ཁྲི670བྱིན།   གྲོང་རྡལ་དང་ཡུལ་ཚོ55ཡི་འཕྲོད་བསྟེན་ཁང་དུ་ཚ་བ་རྒྱས་པའི་སྒོ་བསྟེན་ཁང་གསར་དུ་བཙུགས།   ཁུལ་ཡོངས་སུ་ཚ་བ་རྒྱས་པའི་སྨན་བཅོས་ལས་ཁུངས240ལྷག་བཀོད་སྒྲིག་བྱས།   ཟླ2པའི་ཚེས2ཉིན་གྱི་དུས་ཚོད0ནས24བར་དུ།  ཁུལ་ཡོངས་ཀྱི་ཚ་བ་རྒྱས་པའི་སྒོ་བསྟེན་ཁང་དུ་ནད་པ68སྣེ་ལེན་སྨན་བཅོས་བྱེད་པ་དང་།  མི15ཤུལ་དུ་བཞག་ནས་བརྟག་དཔྱད་བྱས།    ཁུལ་ཡོངས་ཀྱི་ཚ་རྒྱས་སྒོ་བསྟེན་ཁང་དུ་མི946སྣེ་ལེན་སྨན་བཅོས་བྱེད་པ་དང་།  མི103ཤུལ་དུ་བཞག་ནས་བརྟག་དཔྱད་བྱས།   

དྲུག   མི་སྣ་གཙོ་བོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་ཚུལ།   

ཁུལ་ཡོངས་སུ་གཅིག་བསྡུས་ཀྱིས་མི་སྣ་བརྟག་དཔྱད་བྱེད་ས64བཙུགས་པ་དང་།        གཅིག་བསྡུས་ཀྱིས་ལོགས་སུ་བཀར་བའི་ཁང་མིག954བཙུགས།    གཅིག་བསྡུས་ཀྱིས་མི114ཤུལ་དུ་བཞག་ནས་བརྟག་དཔྱད་བྱས།   དེའི་ཁྲོད་ཀྱི་ཝུའུ་ཧན་གྱི་མི་སྣ34ཡོད་པ་བཅས་ལ་ནད་རྟགས་ཅི་ཡང་མེད།   ཁྱིམ་དུ་ལོགས་སུ་བཀར་བའི་མི1802ཡོད།  མིག་སྔར།   གཅིག་བསྡུས་ཀྱིས་ཤུལ་བཞག་མི72དང་ཁྱིམ་དུ་ལོགས་སུ་བཀར་བའི་མི521བཅས་གློད་པ་རེད།    

བདུན།  ཟོང་ཟོག་གི་དགོས་མཁོ་ཡར་ཞུ་བྱེད་པའི་གནས་ཚུལ།   

མིག་སྔའི་བར་དུ།  ཁུལ་ཡོངས་སུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་སྒོར་ཁྲི3448.4འགྲོ་སོང་བཏང་(དེའི་ཁྲོད་དུ་རང་ཁུལ་གྱིས་སྒོར་ཁྲི1165.95འགྲོ་སོང་བཏང)བ་དང་།   ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་མ་ལག་གིས་ཟོང་ཟོག་ཐད་སྒོར་ཁྲི38.97བཏང་བ་རེད།   ཟླ2པའི་ཚེས3ཉིན།  ཁུལ་ཟོང་ཟོག་འགན་ལེན་རྩ་འཛུགས་ཀྱིས་བཀོལ་ཐེངས་གཅིག་ཅན་གྱི་ཁ་རས་ཁྲི་8ཞལ་འདེབས་སུ་ཕུལ།  

བརྒྱད།  ཁོར་ཡུག་བཅོས་སྐྱོང་གི་བྱ་བའི་གནས་ཚུལ།   

རྫོང་བཅུ་གསུམ་(གྲོང་ཁྱེར)དང་གྲོང་གསེབ་ཁ་ཤས་སུ་སྨན་ཆས་གད་སྙིགས་གཅིག་བསྡུས་ཀྱིས་བསྡུ་ས་བཙུགས་པ་དང་།  ཁ་རས་དང་བདེ་ཐང་ལ་གནོད་པའི་གད་སྙིགས་ཟོ་བ་2364བསྡུས།   རྫོང་སོ་སོ་(གྲོང་ཁྱེར)ཡི་སྤྱི་པའི་གཙང་སྤྱོད་ཁང་དང་སྙིགས་སྒམ།   སྤྱི་གླིང་།  སྲང་བར་ཆེ་མ་ཆུང་གསུམ་གྱི་ཁོར་སྲུང་བཅོས་སྐྱོང་སོགས་ལ་ཤུགས་བསྣན།   

དགུ།   སྤྱི་ཚོགས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་གནས་ཚུལ།   

ཁུལ་ཡོངས་སུ་གཉེན་སྟོན་དང་སྐྱེས་སྐར།  ཤི་བོའི་འདས་མཆོད་སོགས1513ཕྱིར་འཐེན་བྱས།   གྲོང་སྡེའི་ཁྲོམ་ར་དང་སྒོ་རྩིས་ཁང་།  ཟ་ཁང་།  གློག་རྡུལ་ཉོ་ཚོང་གི་སྡིངས་ཆ་སོགས་ཀྱི་སྲོག་ཆགས་ཉོ་ཚོང་བྱེད་པའི་གནས་ཚུལ་ལ་བརྟག་དཔྱད་ནན་མོར་བྱས་ཏེ།   གྲོང་སྡེའི་ཁྲོམ་ར་དང་སྒོ་རྩིས་ཁང་སོགས981བརྟག་དཔྱད་གནད་དུ་འཐིང་བར་བྱས།   ཁུལ་ཡོངས་ཀྱི་ཟས་རིགས་གཙོ་བོ་དང་ཕལ་བ།  རིམས་འགོག་གི་ཡོ་བྱད་སོགས་ཀྱི་རིན་གོང་སྤྱིའི་ཆ་ནས་བརྟན་འཇགས་ཡིན།   རང་ཁུལ་གྱིས་འབྲུ་རིགས་དང་སྣུམ་ཏུན13860.82གསོག་འཇོག་(ལིས་རྫོང་གིས་ཚལ་སོན་སྣུམ་ཏུན13གསོག་འཇོག་བྱས)བྱས།  དེའི་ཁྲོད་དུ་འབྲས་ཏུན་12093.67དང་ཕྱེ་ཏུན1357.5གསོག་འཇོག་བྱས་པར་མ་ཟད།  ཚལ་སོན་སྣུམ་ཏུན409.65གསོག་འཇོག་བྱས།   ཁུལ་ཡོངས་སུ་འབྲས་ཏུན7.54དང་ཕྱེ་ཏུན6.59བཙོངས་པར་མ་ཟད།   ཚལ་སོན་སྣུམ་ཏུན2.11བཙོངས་པ་རེད།  སྣུམ་དང་འབྲུ་རིགས་འདང་ངེས་གསོག་འཇོག་བྱས་ཡོད་དོ། །  

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།