《ཏོག་དབྱིབས་ནད་དུག་གསར་བ་འགོ་བའི་འགོག་སྲུང་བྱ་ཐབས》(རྒྱ་བོད་སྐད་ཡིག་གཉིས)ཀྱི་གློག་རྡུལ་པར་གཞི་སྤྱོད་འགོ་ཚུགས།

1.jpg

《ཏོག་དབྱིབས་ནད་དུག་གསར་བ་འགོ་བའི་འགོག་སྲུང་བྱ་ཐབས》ཀྱི་དཔེ་དེབ་མདུན་ངོས། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   མང་ཚོགས་ལ་རིམས་ནད་སྔོན་འགོག་གི་ཤེས་བྱ་རྟོགས་སུ་འཇུག་པའི་ཆེད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ཀོང་ཏུང་ཚན་རྩལ་དཔེ་སྐྲུན་ཁང་དང་མཉམ་འབྲེལ་བྱས་ཏེ《ཏོག་དབྱིབས་ནད་དུག་གསར་བ་འགོ་བའི་འགོག་སྲུང་བྱ་ཐབས》(རྒྱ་བོད་སྐད་ཡིག་གཉིས)(རྒྱ་དབྱིས་སྐད་ཡིག་གཉིས)དངོས་སུ་པར་བསྐྲུན་མཛད་པ་དང་། དེའི་ནང《ཏོག་དབྱིབས་ནད་དུག་གསར་བ་འགོ་བའི་འགོག་སྲུང་བྱ་ཐབས》(རྒྱ་བོད་སྐད་ཡིག་གཉིས)ཀྱི་གློག་རྡུལ་པར་གཞི་ཟླ2པའི་ཚེས1དངོས་སུ་སྤྱོད་འགོ་ཚུགས་པ་རེད། 

གསར་འགོད་པས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འབྲེལ་ཡོད་ལས་བྱེད་མི་སྣ་ལས་ཤེས་རྟོགས་བྱུང་བར་གཞིགས་ན། 《ཏོག་དབྱིབས་ནད་དུག་གསར་བ་འགོ་བའི་འགོག་སྲུང》དེབ་དེ་མ་གཏོགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་ཀོང་ཏུང་ཚན་རྩལ་དཔེ་སྐྲུན་ཁང་མཉམ་འབྲེལ་བྱས་ནས་རྒྱ་བོད་ཤན་སྦྱར་གྱི《གྲོགས་པོ་ཆུང་ཆུང་ཚོ་ལ་གནང་བའི་ཏོག་དབྱིབས་ནད་དུག་གསར་བ་འགོ་བའི་འགོག་སྲུང་རི་མོ》《ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་འགོག་པ་དང་རིམས་ནད་སྐོར་གྱི་དྲིས་ལན》《ཚན་རིག་དང་མཐུན་པའི་འགོག་སྲུང་བྱས་ན་“རིམས་ནད་”ཀྱི་དམག་འཐབ་ལས་རྒྱལ་ངེས》 དང་། སི་ཁྲོན་ཚན་རྩལ་དཔེ་སྐྲུན་ཁང་དང་མཉམ་འབྲེལ་ཐོག་པར་སྐྲུན་བྱས་པའི《ཏོག་དབྱིབས་ནད་དུག་གསར་བའི་མང་ཚོགས་ཀྱི་སེམས་ཁམས་འགོག་སྲུང་ལག་དེབ》སོགས་ཆེད་དོན་ཀློག་དེབ7གཅིག་རྗེས་གཉིས་མཐུད་ངང་པར་སྐྲུན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།