རྔ་བ་ཁུལ་གྱིས་གློ་ཚད་རིམས་ནད་གསར་བའི་འགོག་སྲུང་ལས་དོན་མང་དུ་སྤེལ།

འགོ་བརྗོད། ཚན་རིག་དང་མཐུན་པའི་འགོག་སྲུང་དོན་ལྡན་ཡོང་བ་དང་། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་ཁྱབ་ཚད་ཚོད་འཛིན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་ཐང་ལ་སྲུང་སྐྱོང་བྱ་དགོས། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། རང་ཁུལ་གྱི་ས་ཁུལ་སོ་སོའི་མགྱོགས་མྱུར་ངང་འགོག་སྲུང་ཐབས་ལམ་སྣ་ཚོགས་བཏོན་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་སྲུང་གོ་བགྱི་བ་ལྷུར་བླངས་ཡོད། བཙན་ལྷ་རྫོང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་སྲུང་ལས་དོན་ལ་འབད། 

རྩོམ་དངོས། རིམས་ནད་བྱུང་བ་ནས་བཟུང་། བཙན་ལྷ་རྫོང་འཕྲོད་བསྟེན་བདེ་ཐང་མ་ལག་གིས་དཔྱིད་གསར་གུང་གསེང་ཕྱིར་འཐེན་ཏེ་སྨན་པ་རྣམས་ཕྱིར་ལས་གནས་སུ་ཐོན་པ་དང་། རིམས་ནད་ལ་དམིགས་ཏེ་རྫོང་མི་དམངས་སྨན་ཁང་གི་འགོས་ནད་ཁུལ་དུ་ཚ་བའི་སྒོ་བསྟེན་ཆེད་ཁག་བཙུགས་ཏེ། བཀག་ཉར་ཁུལ་གྱི་གྲ་སྒྲིག་ཚགས་སུ་ཆུད་པར་བྱས། རྩོམ་དངོས། རིམས་ནད་ཁྱབ་མཆད་འགོག་པའི་ཆེད་དུ། རྫོང་ཡོངས་ཀྱིས་ཆུ་མདོ་གྲོང་རྡལ་དང་། ཀྲེ་ལུང་གྲོང་རྡལ། ཏ་ཝེ་གྲོང་རྡལ། རི་བོ་སྐུ་བླ་གྲོང་རྡལ་སོགས་སུ་འཕྲོད་བསྟེན་འགོག་སྲུང་ས་ཚིགས་4བཙུགས་ཏེ། ས་ཚིགས་སོ་སོའི་སྨན་པ་རྣམས་ཀྱིས་ཆུ་ཚོད་ཉེར་བཞིའི་རིང་གི་ལས་རེས་བྱས་ཏེ། འགྲོ་འོང་རླངས་འཁོར་ཀུན་ལ་ཐོ་འགོད་དང་མི་སྣའི་ཚ་བར་བརྟག་ཏེ། རིམས་ནད་འགོག་སྲུང་ནན་མོ་བྱས། ད་སྔའི་བར་དུ་བཙན་ལྷ་རྫོང་དུ་རིམས་ནད་བྱུང་མེད། 

ཝུན་ཁྲོན་གྱིས་རིམས་ནད་འགོག་སྲུང་ལ་འབད།

རྩོམ་དངོས། ཝུན་ཁྲོན་རྫོང་གིས་རིམས་འགོག་ལས་དོན་གྱི་འབད་པའི་བགྱི་བ་ལྷུར་བླངས། ཝུན་ཁྲོན་རྫོང་ནི་རང་ཁུལ་གྱི་ལྷ་སྒོ་ཆེན་མོ་ཡིན་ལ། ས་གནས་རྫོང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་འགོག་གི་ལག་བསྟར་གྲོས་ཆོད་གཏན་ལ་ཕབ་སྟེ། སྨན་བཅོས་དང་སྤྱི་བདེ། རིམས་འགོག ཞིང་ཕྱུགས་སོགས་ཆེད་ལས་མི་སྣ་བརྒྱ་ལྷག་མངགས་ཏེ་ཆུ་ཚོད་ཉེར་བཞིའི་རིང་ལ་ཝུན་ཁྲོན་བྱང་གི་མགྱོགས་ལམ་གྱི་འབབ་ཚིགས་དང་། མཛའ་མཐུན་ཕུག་ལམ། དབྱིན་ཞོའུ་མགྱོགས་ལམ་འབབ་ཚིགས། མེན་ཁྲི་མགྱོགས་ལམ་གྱི་འབབ་ཚིགས་སོགས་འགག་སྒོ་ཆེན་པོ་བཞི་ཡོངས་སུ་བཀག་ཅིང་། འགྲིམ་འགྲུལ་རིམས་འགོག་གི་ཁྱབ་ཚད་ཆེ་རུ་བཏང་ནས་ལྗོངས་རྒྱུ་བའི་རླངས་འཁོར་དམིགས་སུ་བཀར་ནས་རྟོག་ཞིབ་ནན་མོ་བྱས་ཏེ། ཕྱི་ཡོང་རླངས་འཁོར་ཀུན་ལ་ཁྱོན་ཡོངས་ནས་ཞིབ་བཤེར་དང་དུག་སེལ་བྱས། ད་སྔའི་བར་དུ་ཝུན་ཁྲོན་རྫོང་གིས་འགྲོ་འོང་རླངས་འཁོར་8314དང་འགྲོ་འོང་བ་31218ལ་ཞིབ་བཤེར་བྱས་ཤིང་། ཚ་བ་རྒྱས་པའི་ནད་པ་བྱུང་མེད། ཧུའུ་པེ་ཞིང་ཆེན་གྱི་ལྗོངས་རྒྱུ་བ་26ཕྱིར་མངགས་འདུག ཝུན་ཁྲོན་རྫོང་གིས་དྲ་རྒྱ་ཅན་གྱི་རེ་འདུན་གཞིར་བཟུང་ནས། མངའ་ཁོངས་ཀྱི་གྲོང་རྡལ་ཀུན་ཏུ་ཧུའུ་པེ་ཞིང་ཆེན་གྱི་མི་དང་ཧུའུ་པེ་ནས་ཕྱིར་ཐོན་པའི་ཡུལ་མི་ཀུན་ལ་ཞིབ་བཤེར་བགྱིས་ཏེ། ད་སྔའི་བར་དུ་ཧུའུ་པེ་ནས་ཕྱིར་ཐོན་པའི་ཡུལ་མི་20ས་གནས་རང་དུ་བཀག་ཉར་རྟོག་ཞིབ་བྱས། ཝུན་ཁྲོན་རྫོང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་སྲུང་གི་གསོ་སྦྱོང་སྤེལ་ཏེ། རྫོང་ཡོངས་ཀྱི་སྨན་བཅོས་སྡེ་ཁག་15རུ་མཛུབ་སྟོན་རྟོག་ཞིབ་བྱས་ཤིང་། ཚ་བའི་སྒོ་བསྟེན་དང་། བཀག་ཉར་སྒོ་བསྟེན་བཅས་འཐུས་ཚང་དུ་བཏང་བ་དང་། སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་རིམས་འགོག་གནས་ཚུལ་ཉིན་རེར་སྙན་ཞུ་འབུལ་བའི་ལམ་ལུགས་བཙུགས་ཏེ། ཝུན་ཁྲོན་རྫོང་མི་དམངས་སྨན་ཁང་ནི་རྔ་བ་ཁུལ་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་ཀྱི་སྨན་ཁང་དུ་བྱས་ཏེ། བཀག་ཉར་ནད་ཁང་བཅུ་གྲ་སྒྲིག་བྱས་ཡོད། ཝུན་ཁྲོན་རྫོང་གིས་ཞིང་ལས་ཉོ་ཚོང་ཁྲོམ་ར་དང་། ལྗོངས་ཁུལ། དེ་ལས་གཞན་པའི་མི་ཚོགས་འདུ་ཁྲོམ་བཅས་ཀྱི་རིམས་ནད་ཞིབ་བཤེར་ལ་ཤུགས་བསྣན་ཏེ། རླུང་རྒྱུ་དུག་སེལ་དང་། ཚ་བའི་ཞིབ་བཤེར། འཕྲོད་བསྟེན་རིམས་ནད་ཞིབ་བཤེར་བཅས་ལག་བསྟར་བྱས། 

འཛམ་ཐང་རྫོང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་སྲུང་གི་གཡུལ་འགྱེད་བརྩམས། 

རྩོམ་དངོས། ཟླ་1ཚེས་24ཉིན་ནས་བཟུང་། ཛམ་ཐང་རྫོང་གིས་སྨན་བཅོས་དང་། སྤྱི་བདེ་སོགས་སྡེ་ཁག་དག་གིས་མངའ་ཁོངས་ཀྱི་ཀ་ཐོག་ཡུལ་ཚོའི་མིན་ཏི་ལུང་པ་དང་། རྡོ་སྟོད་ཡུལ་ཚོ། ཟམ་ནག ཕོའུ་ཞི་ཡུལ་ཚོ་སོགས་སུ་རིམས་འགོག་ས་ཚིགས་4བཙུགས་ཏེ། འགྲོ་འོང་རླངས་འཁོར་ཀུན་ལ་ཞིབ་བཤེར་བྱས། གསར་འགོད་པས་རིམས་འགོག་ས་ཚིགས་ནས་མཐོང་བ་ལྟར་ན། སྤྱི་བདེ་དང་སྨན་བཅོས་མི་སྣས་འགྲོ་འོང་རླངས་འཁོར་ཀུན་ལ་ཞིབ་བཤེར་ཡང་དག་བྱས་ཤིང་། ཚ་བ་རྒྱས་པ་དང་ཆམ་པ་ཕོག་པའི་མི་སྣར་ཐོ་འགོད་དང་ཚ་བར་བརྟག་དཔྱད་བྱས། ཟུང་ཆུ་རྫོང་གི་སྡེ་ཁག་སོ་སོས་རིམས་འགོག་ལས་དོན་སྤེལ། རྩོམ་དངོས། གཙོ་ཚང་དགོན་གྱི་འགྲིམ་འགྲུལ་རྟོག་ཞིབ་ས་ཚིགས་སུ་ཟུང་ཆུ་རྫོང་གི་ཉེན་རྟོག་པ་དང་། སྨན་པ་བཅས་ཀྱིས་ལྗོངས་རྒྱུ་བ་དང་འགྲོ་འོང་འགྲིམ་འགྲུལ་བཅས་ལ་རྟོག་ཞིབ་ནན་མོ་བྱས་ཏེ། ལྗོངས་རྒྱུ་བའི་ཚ་བར་བརྟག་དཔྱད་དང་། འགྲོ་འོང་རླངས་འཁོར་གྱི་ཨང་རྟགས་དང་། སྐོར་ཡིག འཁོར་ཡིག ཁ་པར་ཨང་གྲངས་བཅས་ཐོ་འགོད། ལྗོངས་སྐོར་རླངས་འཁོར་འགྲོ་འོང་གི་གནས་ཚུལ་ཞིབ་ཕྲ་རྩད་ཆོད་བྱས། 

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།