ཁྲེང་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ་རྔ་བ་ཁུལ་དུ་བརྒྱུད་པའི་ལམ་མཚམས་ལ་ཁྱོན་སྒོར་དུང་ཕྱུར157.82བཏང་ཟིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་ཟླ12པའི་ཟླ་མཇུག་གི་བར་དུ། ཁྲེང་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ་རྔ་བ་ཁུལ་དུ་བརྒྱུད་པའི་ལམ་མཚམས་ལ་ཁྱོན་སྒོར་དུང་ཕྱུར157.82བཏང་ཟིན། དེ་ལས2019ལོའི་ཟླ1པོ་ནས་ཟླ12པའི་བར་སྒོར་དུང་ཕྱུར13.27བཏང་བ་དང་། ཟླ12པར་སྒོར་དུང་ཕྱུར0.5བཏང་ཟིན།

མིག་སྔའི་བར་དུ་ཁྲེང་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ་རྔ་བ་ཁུལ་དུ་བརྒྱུད་པའི་ལམ་མཚམས་ཀྱི་ཕུག་ལམ་ཚང་མ་སྐྲུན་འགོ་ཚུགས་ནས་ཕུག་ལམ་སྨི217103.11བརྐོས་པས་སྤྱིའི་སྡོམ་གྲངས་ཀྱི་བརྒྱ་ཆའི91.68ཟིན་པ་དང་། ཟམ་པ་ཆེ་འབྲིང་ཆུང་གསུམ36སྐྲུན་འགོ་ཚུགས་ལ། སྒྲོམ་ཟམ3སྐྲུན་འགོ་ཚུགས་ཡོད། གཞུང་ལམ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི487.15ལས་པས་སྤྱིིའི་སྡོམ་གྲངས་ཀྱི་བརྒྱ་ཆའི92.74ཟིན།

ཁྲེང་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ་རྔ་བ་ཁུལ་དུ་བརྒྱུད་པའི་ལམ་མཚམས་འཛུགས་སྐྲུན་གནས་གཞི་ས་ཞིང་མུའུ3413.98ཡུན་རིང་དུ་བསྡུས་སྤྱོད་བྱས་པ་དང་། ལམ་འགྲམ་གྱི་ས་ཞིང་མུའུ་152.29ཡུན་རིང་དུ་བསྡུས་སྤྱོད་བྱས། ས་ཞིང་མུའུ7884.1གནས་སྐབས་བསྡུས་སྤྱོད་བྱས་ཤིང་། བཀོད་སྒྲིག་བྱེད་སར་ས་ཞིང་མུའུ733.03བསྡུས་སྤྱོད་བྱས་ཏེ་སྡོད་ཁང748བཤིགས་སྤོ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།