དཀར་མཛེས་ཁུལ་སྤྱི་བདེ་ཅུའུ་ལས་ཁུངས་ཀྱི་ཉེན་རྟོག་གཞོགས་འདེགས་མི་སྣར་རིམ་པ་གཏན་འཁེལ་གྱི་ཚོགས་ཆེན་ཐེངས་དང་པོ་དར་མདོ་རུ་འཚོགས་པ།

——ཕུགས་བསམ་དང་ཡིད་ཆེས་བརྟན་པོ་བཅངས་ནས་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞོགས་འདེགས་ཉེན་རྟོག་དཔུང་ཁག་ལ་སྔར་བས་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། གཞོགས་འདེགས་ཉེན་རྟོག་པའི་དཔུང་ཁག་གི་སློབ་གསོ་དོ་དམ་ལ་ཤུགས་སྣོན། གཞོགས་འདེགས་ཉེན་རྟོག་པའི་དཔུང་ཁག་གི་བྱང་ཚད་དང་གཟུགས་བརྙན་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཆེད། ཟླ1པོའི་ཚེས12ཉིན་གྱི་ཕྱི་དྲོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་ཡིས་ཅུའུ་ལས་ཁུངས་ཀྱི་གཞོགས་འདེགས་ཉེན་རྟོག་མི་སྣའི་རིམ་པ་གཏན་འཁེལ་གྱི་ཚོགས་ཆེན་འཚོགས་པ་དེ་ནི་ཁུལ་སྤྱི་བདེ་ཅུའུ་ཡིས་ཅུའུ་ལས་ཁུངས་ཀྱི་གཞོགས་འདེགས་ཉེན་རྟོག་མི་སྣར་རིམ་པ་གཏན་འཁེལ་གྱི་གོ་མིང་སྤྲོད་ཐེངས་དང་པོ་ཡིན་པ་རེད།

    ཚོགས་འདུའི་སྟེང་དཀར་མཛེས་ཁུལ་སྤྱི་བདེ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་པས《ཅུའུ་ལས་ཁུངས་ཀྱི་གཞོགས་འདེགས་ཉེན་རྟོག་མི་སྣའི་རིམ་པ་གཏན་འཁེལ་ཐེངས་དང་པོ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》དང《ཞུས་ཡོན་ཀྲི་སོགས་བློ་མཐུན9ལ་མི་སྒེར་གྱི་བྱ་དགའ་ཨང་ལྔ་པ་སྤྲོད་པའི་སྐོར་གྱི་བཀའ་ཐོ》སྒྲོག་འདོན་བྱས་པ་རེད། ཅུའུ་ཡི་འགོ་ཁྲིད་ཀྱིས་གཞོགས་འདེགས་ཉེན་རྟོག་པའི་འཐུས་མིར་ཉེན་རྟོག་པའི་གོ་རྟགས་སྤྲད་པ་དང་འབྲེལ་ཞུས་ཡོན་ཀྲི་དང་ཝང་ཡའོ་ཧུའེ་སོགས་ཀྱི་བློ་མཐུན9ལ་མི་སྒེར་གྱི་བྱ་དགའ་ཨང་ལྔ་པའི་བྱ་དགའ་སྤྲད་པ་རེད། ཚོགས་ཞུགས་ཉེན་རྟོག་པ་དང་གཞོགས་འདེགས་ཉེན་རྟོག་པ་ཡོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཉེན་རྟོག་པར་ཞུགས་པའི་དམ་བཅའ་བསྐྱར་དྲན་བྱས་པ་རེད།

ཚོགས་འདུའི་སྟེང་ཁུལ་སྤྱི་བདེ་ཅུའུ་ཏང་ཨུ་ཡིས་གཞོགས་འདེགས་ཉེན་རྟོག་པའི་དཔུང་ཁག་གི་སློབ་གསོ་དོ་དམ་ལ་ཚད་མཐོའི་མཐོང་ཆེན་དང་། གཞོགས་འདེགས་ཉེན་རྟོག་པའི་དཔུང་ཁག་གི་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་གཞོགས་འདེགས་ཉེན་རྟོག་པའི་དཔུང་ཁག་གི་སློབ་གསོ་གསོ་སྦྱོང་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། གཞོགས་འདེགས་ཉེན་རྟོག་པའི་ཆབ་སྲིད་བྱང་ཚད་དང་། ཉེན་རྟོག་པའི་ཉམས་འགྱུར། སྒྲིག་ཁྲིམས་ཀྱི་འདུ་ཤེས་བཅས་མཐོ་རུ་གཏོང་བ། གཞོགས་འདེགས་ཉེན་རྟོག་པའི་ལས་རིགས་ཐོབ་ཐང་གི་ཚད་གཞིར་སླེབས་པ་བཅས་བྱ་ཆེད། ཁུལ་ཅུའུ་ཡིས་དུས་ཡུན་ཟླ་གཅིག་རིང་གི་གཞོགས་འདེགས་ཉེན་རྟོག་པའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུར་ཞིབ་ཚགས་ཀྱིས་སྒྲིག་འཛུགས་བྱས་པ་དང་གསོ་སྦྱོང་བྱས་པ་བརྒྱུད་ཚང་མར་སླད་ཕྱིན་གྱི་ལས་དོན་ལ་སྔར་ལས་ལེགས་པའི་སྒོ་ནས་འཚམ་པ་དང་འགན་འཁུར་ཐུབ་རྒྱུའི་རེ་བ་ཡོད་ཅེས་བསྟན་པ་རེད།

དཀར་མཛེས་ཁུལ་སྤྱི་བདེ་ཅུའུ་ཡི་འགོ་ཁྲིད་དང་། སྡེ་ཁག་གི་འགན་འཁུར་བ་གཙོ་བོ། གཞོགས་འདེགས་ཉེན་རྟོག་མི་སྣ་ཡོངས་དང་མི་དམངས་ཉེན་རྟོག་པ་ཁག་གཅིག་གི་འཐུས་མི་བཅས་མི100ལྷག་ཚོགས་འདུར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།