རྔ་བ་ཁུལ་གྱི་ཞོར་ལས་པ་ཕྱིར་ལོག་པར་རིན་མེད་རླངས་འཁོར་གཏོང་མགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས16ཉིན་གྱི་སྔ་དྲོར། ཁྲེང་ཏུའུ་ནས་རྔ་བ་ཁུལ་བར་གྱི་ཞིང་བ་ཞོར་ལས་པ་ཕ་ཡུལ་དུ་ལོག་ནས་ལོ་གསར་གཏོང་བར་རིན་མེད་ཆེད་གཏོང་རླངས་འཁོར་ཐོག་མ་དེ་གཏོང་མགོ་ཚུགས་པ་རེད། ཉིན་དེར་ཀྲེ་ཅང་དང་། ཧྲང་ཧའེ། ཁྲེང་ཏུའུ་སོགས་ས་ཁུལ་ནས་ཞོར་ལས་བྱེད་མཁན་གྱི་རྔ་ཁུལ་གྱི་ཞིང་བ་ཞོར་ལས་པ་37ཆེད་གཏོང་རླངས་འཁོར་ལ་བསྡད་དེ་ཕ་ཡུལ་དུ་ལོ་གསར་གཏོང་བར་བསྐྱོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཁྱིམ་ཐོ་རྔ་ཁུལ་ནས་ཡིན་པའི་ཞིང་བ་ཞོར་ལས་པ་ཚོར་ཕྱིར་ཕ་ཡུལ་དུ་བསྐྱོད་དེ་ལོ་གསར་རོལ་བར་སྟབས་བདེ་སྐྲུན་ཆེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཆེད་དུ་ཁུལ་དཔྱིད་གསར་སྐྱེལ་འདྲེན་ལས་དོན་འགོ་ཁྲིད་ཚོ་ཆུང་བཙུགས་ནས་ཟླ་1ཚེས་16ཉིན་ནས་19ཉིན་བར་ཁྲེང་ཏུའུ་ནས་ཆུ་ཆེན་བར་དང་། ཁྲེང་ཏུའུ་ནས་ཁྲོ་ཆུ་བར། ཁྲེང་ཏུའུ་ནས་མཛོད་དགེ་བར། ཁྲེང་ཏུའུ་ནས་གཟི་རྩ་སྡེ་དགུ་བར་གྱི་ཞིང་བ་ཞོར་ལས་པ་ལ་རིན་མེད་ཆེད་གཏོང་རླངས་འཁོར་ཤར་གཏོང་བྱེད་རྒྱུ་རེད།

གཞི་རྩའི་ལམ་ཐིག་གི་དུས་ཚོད་གཤམ་ལྟར།

ཁྲེང་ཏུའུ་ནས་ཆུ་ཆེན།(ཝུན་ཁྲོན་དང་ལིས་རྫོང་། འབར་ཁམས་ལ་བརྒྱུད་རྒྱུ་རེད།)

དུས་ཚོད། 2020ལོའི་ཟླ་1ཚེས་16ཉིན་གྱི་སྔ་དྲོའི་ཆུ་ཚོད། 11:00

ས་གནས། ཁྲེང་ཏུའུ་ཅིན་ཉིའུ་ཁུལ་ཁྲ་ཏེན་ཙི་འགྲུལ་སྐྱེལ་ས་ཚིགས་ས་འོག་ལྕགས་ལམ་གྱི་སྒོ་འབུད་ས་C།

ཁྲེང་ཏུའུ་ནས་ཁྲོ་ཆུ།(ཝུན་ཁྲོན་དང་མའོ་རྫོང་ལ་བརྒྱུད་རྒྱུ་རེད།)

དུས་ཚོད། 2020ལོའི་ཟླ་1ཚེས་17ཉིན་གྱི་སྔ་དྲོའི་ཆུ་ཚོད། 9:00

ས་གནས། ཁྲེང་ཏུའུ་ཅིན་ཉིའུ་ཁུལ་ཁྲ་ཏེན་ཙི་འགྲུལ་སྐྱེལ་ས་ཚིགས་ས་འོག་ལྕགས་ལམ་གྱི་སྒོ་འབུད་ས་C།

ཁྲེང་ཏུའུ་ནས་མཛོད་དགེ།(ཝུན་ཁྲོན་དང་ལིས་རྫོང་། ཧུང་ཡོན་ལ་བརྒྱུད་རྒྱུ་རེད།)

དུས་ཚོད། 2020ལོའི་ཟླ་1ཚེས་18ཉིན་གྱི་སྔ་དྲོའི་ཆུ་ཚོད། 9:00

ས་གནས། ཁྲེང་ཏུའུ་ཅིན་ཉིའུ་ཁུལ་ཁྲ་ཏེན་ཙི་འགྲུལ་སྐྱེལ་ས་ཚིགས་ས་འོག་ལྕགས་ལམ་གྱི་སྒོ་འབུད་ས་C།

ཁྲེང་ཏུའུ་ནས་གཟི་རྩ་སྡེ་དགུ།(ཝུན་ཁྲོན་དང་མའོ་རྫོང་། ཟུང་ཆུ་ལ་བརྒྱུད་རྒྱུ་རེད།)

དུས་ཚོད། 2020ལོའི་ཟླ་1ཚེས་19ཉིན་གྱི་སྔ་དྲོའི་ཆུ་ཚོད།9:00

ས་གནས། ཁྲེང་ཏུའུ་ཅིན་ཉིའུ་ཁུལ་ཁྲ་ཏེན་ཙི་འགྲུལ་སྐྱེལ་ས་ཚིགས་ས་འོག་ལྕགས་ལམ་གྱི་སྒོ་འབུད་ས་C།

འདྲི་རྩད་ཨང་གྲངས། 0837-2823591

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།