ཟུང་ཆུ་རྫོང་གིས་འགྲིམ་འགྲུལ་གཙོ་གནད་ཁྲིམས་འགལ་བཅོས་སྒྲིག་བྱས་ཏེ་བདེ་འཇགས་ངང་དཔྱིད་གསར་དུས་ཆེན་བསུ་བར་འགན་ལེན་བྱས་པ།

c9311f97-32b1-4c43-9678-6d41aeff0e12.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས17ཉིན། ཟུང་ཆུ་རྫོང་འགྲིམ་འགྲུལ་ཅུའུ་ཡིས་འདེ་འཇགས་ཀྱིས་དཔྱིད་གསར་དུས་ཆེན་བསུ་བར་འགན་ལེན་བྱ་ཆེད། ཟླ1པོའི་ཚེས13ཉིན་ནས་ཚེས16ཉིན་བར། ཟུང་ཆུ་རྫོང་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁྲིམས་འགལ་ཆེད་དོན་བྱ་སྤྱོད་དང་། དགུན་དུས་འགྲིམ་འགྲུལ་བདེ་འཇགས་བཅོས་སྒྲིག་བྱ་སྤྱོད། དངོས་སྐྱེལ་རླངས་འཁོར་ཆེ་གྲས་ཀྱི་ཆེད་དོན་བྱ་སྤྱོད་སོགས་ལ་བཅོས་སྒྲིག་བྱེད་པའི་བྱ་འགུལ་སྤེལ་བ་རེད།

d563a467-9780-4456-a296-6af3ff949780.jpg

ཆེད་དོན་བྱ་འགུལ་སྤེལ་བའི་རིང་འགྲིམ་འགྲུལ་རུ་ཆེན་གྱིས་ཞིབ་བཤེར་ས་ཚིགས4བཙུགས་ནས། ཉེན་རྟོག་པ་མི་ཐེངས26དང་ཉེན་རྟོག་པའི་རླངས་འཁོར་ཐེངས5བཏང་ནས། རླངས་འཁོར་ཐེངས500ལ་ཞིབ་བཤེར་བྱས་ཏེ། དཔང་ཡིག་མེད་པ4དང་། ཁ་ལོ་བའི་ལག་ཁྱེར་བཟུང་མེད་པ4།  བགྲོད་སྐྱོད་ལག་ཁྱེར་བཟུང་མེད་པ2།  སྒྲིག་འགལ་ངང་རླངས་འཁོར་བཞག་པ116བཅས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཞིབ་བཤེར་དང་ཐག་གཅོད་བྱས། བསམ་བཞིན་དུ་འཁོར་བྱང་བཀག་པ1དང་།  ཚད་བརྒལ་གྱིས་མི་དྲུད་པ2། འཕྲུལ་སྒུལ་འཁོར་ལོའི་ལོ་འཁོར་ཞིབ་བཤེར་བྱས་མེད་པ1སོགས་གཞན་པའི་ཁྲིམས་འགལ་བྱ་སྤྱོད་36ཐག་གཅོད་བྱས། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།