སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་དར་མདོར་མཇུག་འགྲིལ།

20201168581712071.jpg

མཇུག་འགྲིལ་ཚོགས་ཆེན་གྱི་ཚོགས་ར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ་དང་པོའི་ཚེས15ཉིན་གྱི་ཕྱི་དྲོར། སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པས་གྲོས་རིམ་སོ་སོ་ལེགས་འགྲུབ་བྱུང་ནས་བརྗིད་ཉམས་ལྡན་པའི་རྒྱལ་གླུ་དཀྲོལ་བའི་རོལ་དབྱངས་ཁྲོད་དུ་དར་མདོར་མཇུག་བསྒྲིལ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་མཇུག་བསྒྲིལ་བའི་ཚོགས་ཆེན་ཐོག་གསུང་བཤད་གནང་། བྱང་ཆུབ་ཀྱིས་ཚོགས་ཆེན་གཙོ་འགན་བཞེས་པ་རེད། 

20201163833720385.jpg

ལིའུ་ཁྲེང་མིང་གིས་གསུང་བཤད་གནང་བཞིན་པ།

ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་བྱང་ཆུབ། དབྱང་ཆིང་ཧྭ། རྡོ་རྗེ་བཀྲ་ཤིས། སུན་ཧྥེ། ཨ་རྒྱས་བུ་ཕྲུག    ཀུང་ཅན་ཀྲུང་། ལེ་ཅན་ཕིང་། སྐུ་བཅར་ཡོན་ཏན་རྒྱ་མཚོ། ཁྲེང་ཐེན་ཁང་། གཡང་མཚོ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།

ཉིན་དེའི་འདེམས་བསྐོ་ཚོགས་ཆེན་ཐོག་དབྱང་ཆིང་ཧྭ་དང་ཁྲེང་ཐེན་ཁང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་བ་རེད།  

20201169800116704.jpg

བྱང་ཆུབ་ཀྱིས་ཚོགས་ཆེན་གཙོ་འགན་བཞེས་བཞིན་པ།

ཚོགས་ཆེན་ཐོག་སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་ཆོད་དང་སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གྲོས་འཆར་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པས་གྲོས་འཆར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་བ་རེད། 

20201165867723868.jpg

ཚོགས་རའི་ཟུར་ཞིག

ལིའུ་ཁྲེང་མིང་གིས་མཇུག་བསྒྲིལ་བའི་ཚོགས་ཆེན་ཐོག་གསུང་བཤད་གནང་སྐབས་དང་ཐོག་ཨུ་ཡོན་དང་ཚོགས་འདུར་ཟུར་བྱེད་མཁན་ཡོངས་རྫོགས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུ་བའི་དུས་མཚུངས་སུ། གསར་དུ་བདམས་ཐོན་བྱུང་བའི་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བ་རེད། ཁོང་གིས་གསུངས་དོན། ལོ་གཅིག་གི་རིང་ལ་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་གལ་ཆེའི་དགོངས་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་ལས་དོན་གྱི་སྙིང་དོན་བཅས་ལག་ལེན་ནན་ཏན་བྱས་ཏེ་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་ཁོང་དུ་ཆུད་པ་བྱས་ནས་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ཏན་ཏན་བསྒྲུབས་ནས་ཏང་ཨུ་ལ་དཀའ་ཚེགས་མྱོང་རོགས་དང་འཕེལ་རྒྱས་ལ་འགན་གཙང་སྒྲུབ། མི་དམངས་ལ་ཞབས་ཕྱི་སྒྲུབ་པའི་རིན་ཐང་བརྩོན་ལེན་ཧ་ཅང་ཡག་པོ་མཚོན་ཡོད་པ་རེད། 

20201166757496415.jpg

ཨུ་ཡོན་ཚོས་འདེམས་ཤོག་འཕེན་བཞིན་པ།

ལིའུ་ཁྲེང་མིང་གིས་གསུངས་དོན། 2020ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་བསྡུ་བའི་ལོ་ཡིན་ལ། ལོ་བརྒྱའི་འབད་འཐབ་དམིགས་ཡུལ་དང་པོ་རྒྱལ་ཁ་ཕུ་ཐག་ཆོད་པའི་ལོ་ཡང་ཡིན། ལོ་ལྔའི་འཆར་གཞི་བཅུ་བཞི་པ་ཇུས་འགོད་བཀོད་སྒྲིག་བྱེད་པའི་ལོ་ཡིན་ལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་ལོ་ཡང་ཡིན། དཀར་མཛེས་ཁུལ་གྱི་བོད་ཁུལ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འགོད་ཀྱི་གྲུབ་འབྲས་སྲ་བརྟན། བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་གི་འཇོན་ནུས་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ཡང་ཡིན་པ་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་གྱིས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་གཅིག་འདོམས་བྱས་ཏེ་ཀྲུང་དབྱང་གི་གལ་ཆེའི་སྲིད་དོན་གྱི་བྱེད་ཕྱོགས་དང་།ཞིང་ཆེན་ཏང་ཨུའི་གལ་ཆེའི་ཐབས་ཇུས་ཁྱོན་ཡོངས་ནས་ལག་ལེན་བྱས་མཐར། ཐོག་མཐའ་བར་གསུམ་དུ་ངེས་ཤུགས་སྲུང་འཛིན་བྱས་ནས་གཏན་འཁེལ་བྱས་པའི་སྤྱི་ཡོངས་ལས་དོན་གྱི་ཆགས་ཚུལ་དང་འཐབ་ཇུས་བཀོད་སྒྲིག་དང་འབད་འཐབ་དམིགས་ཡུལ། ལས་དོན་གྱི་ལས་འགན་བཅས་ཞུམ་མེད་མདུན་སྐྱོད་བྱེད་པའི་འབད་འཐབ་ཀྱི་སེམས་ཤུགས་བཅངས་ནས་དུས་རབས་གསར་པར་སྐྱོད་པ་དང་། དོན་དངོས་སྒྲུབ་པའི་འབད་འཐབ་སྙིང་སྟོབས་ཀྱིས་བྱས་རྗེས་གསར་པ་བསྐྲུན་ནས་མཛེས་སྡུག་སྐྱེ་ཁམས་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱ་དགོས། 

20201163614721196.jpg

ཨུ་ཡོན་ཚོ་ཚོགས་ར་ལས་གྲོལ་བ།

ལིའུ་ཁྲེང་མིང་གིས་ཐུགས་རེ་གནང་དོན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་གྱིས་ཁྱོན་ཡོངས་ཁོང་དུ་ཆུད་པ་དང་ཁྱོན་ཡོངས་ལ་དམིགས་པ།ཁྱོན་ཡོངས་ལ་མཉམ་འདྲེས་བྱེད་པ། ཁྱོན་ཡོངས་ལ་སེམས་ཁུར་བྱེད་པ་བཅས་བྱས་ནས་རང་རྟོགས་ཀྱིས་བསམ་བློ་ཏང་ཀྲུང་དབྱང་གི་གལ་ཆེའི་སྲིད་དོན་བྱེད་ཕྱོགས་ཐོག་གཅིག་གྱུར་བྱ་དགོས། ནུས་ཤུགས་དེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གལ་ཆེ་བའི་ཐབས་ཇུས་བཀོད་སྒྲིག་ཐོག་གོང་བུར་གཅིག་ཏུ་འགྲིལ་དགོས། བྱ་སྤྱོད་ཁུལ་ཨུའི་བཀོད་སྒྲིག་སོ་སོའི་བླང་བྱའི་ཐོག་གཙིགས་གནད་བྱས་ནས་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོ་བཅངས་ནས་འགན་ནུས་གཙང་སྒྲུབ་བྱས་ཏེ་མཛེས་སྡུག་སྐྱེ་ཁམས་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱེད་པར་བྱས་རྗེས་གསར་པ་འཇོག་དགོས།  

20201164175329681.jpg

ཨུ་ཡོན་ཚོ་ཚོགས་ར་ལས་གྲོལ་བ།

ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུས་མི་དམངས་སྲིད་གྲོས་ཀྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཛུགས་སྐྱོང་བྱེད་པའི་ནང་གི་གོ་གནས་དང་ནུས་པར་མཐོང་ཆེན་བླ་ན་མེད་པ་བྱས་ཏེ།  ཏང་གིས་སྲིད་གྲོས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་སྔར་བས་ཤུགས་སྣོན་དང་ལེགས་བཅོས་བཏང་ནས་སྲིད་གྲོས་ཨུ་ཡོན་གྱིས་འགན་ནུས་སྒྲུབ་པར་ཆ་རྐྱེན་དང་ལས་སྟེགས་བསྐྲུན་དགོས། གྲོས་མོལ་དམངས་གཙོ་འདི་ཏང་གིས་འགོ་ཁྲིད་བྱེད་སྟངས་གལ་ཆེན་ལ་བརྩིས་ནས་གྲོས་མོལ་དམངས་གཙོའི་ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་ཨུས་མཐོང་ཆེན་བྱེད་པ་དང་།སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པ།སྲིད་གྲོས་ཀྱིས་མ་སྐུལ་དང་བླངས་བྱེད་པ། ཕྱོགས་སོ་སོས་གཞོགས་འདེགས་བྱེད་པའི་ལས་དོན་གྱི་ཆགས་ཚུལ་གྲུབ་པ་བྱ་དགོས། སྲིད་གྲོས་ཀྱི་བསམ་འཆར་དང་གྲོས་འགོ་ལ་ཉན་འཇོག་ནན་ཏན་བྱས་ཏེ་རང་རྟོགས་ཀྱིས་སྲིད་གྲོས་ཨུ་ཡོན་གྱིས་དམངས་གཙོ་ལྟ་སྐུལ་བྱེད་པར་དང་ལེན་ཞུས་ནས་དུས་ཐོག་ཏུ་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་སྒྲུབ་གཉེར་བྱས་ནས། སྲིད་གྲོས་བྱ་གཞག་སླར་ཡང་སྐས་རིམ་གསར་པའི་ཐོག་སླེབས་པ་བྱ་དགོས།  

བྱང་ཆུབ་ཀྱིས་གསུང་བཤད་གནང་སྐབས་ནན་གསུང་གནང་དོན། 2020ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་མཇུག་བསྡུ་བའི་ལོ་ཡིན་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་བསྐྲུན་ཐུབ་རྒྱུའི་རྒྱལ་ཁ་ཕུ་ཐག་ཆོད་པའི་ལོ་ཡང་ཡིན་པ་རེད། དཀར་མཛེས་ཁུལ་དང་ཁུལ་སྲིད་གྲོས་བཙུགས་ནས་ལོ70འཁོར་བའི་ལོ་ཡང་ཡིན་པ་རེད། ཁུལ་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་གྱིས་ཁུལ་ཨུའི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ལ་གཙིགས་གནད་བྱེད་པ་དང་དུས་རབས་གསར་པའི་སྲིད་གྲོས་ཀྱི་ལས་འགན་ཁོང་དུ་ཆུད་པ་བྱ་དགོས། ཁུལ་ཨུའི་ཧྲུའུ་ཅི་ལིའི་ཁྲེང་གི་གསུང་བཤད་དང་ཐེངས་འདིའི་ཚོགས་ཆེན་གྱི་སྙིང་དོན་ལག་ལེན་དོན་འཁྱོལ་བྱ་རྒྱུའི་ཐད་རེ་འདུན་ཁ་ཤས་བཏོན་པ་སྟེ།  གཅིག་ནི་ཆབ་སྲིད་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་འགྱུར་མེད་རང་བཞིན་མཚོན་པ་བྱས་ཏེ་ལྷག་བསམ་ཟོལ་མེད་ངོ་བོ་མངོན་པ་བྱ་དགོས། གཉིས་ནི་ཁྱོན་ཡོངས་ལ་ལྟ་རྟོགས་བྱས་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་གྲོས་མོལ་གྱི་རང་བཞིན་མཚོན་པ་བྱས་ཏེ་རྒྱལ་སྐྱོང་བྱེད་རོགས་ཀྱི་རིན་ཐང་མངོན་པ་བྱ་དགོས། གསུམ་ནི་མང་ཚོགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་མི་དམངས་རང་བཞིན་མཚོན་པ་བྱས་ཏེ་དམངས་འཚོ་ལེགས་བྱེད་རོགས་བྱ་དགོས། བཞི་ནི་འགན་འཁུར་བའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་བློ་གཤོགས་ཆེ་བའི་རང་བཞིན་མཚོན་པ་བྱས་ཏེ་ཕྱར་བ་གྲུ་འདེགས་ལ་སྐུལ་འདེད་གཏང་དགོས། ལྔ་ནི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་དམ་ནན་རང་བཞིན་མཚོན་པ་བྱས་ནས་དུས་རབས་ཀྱི་སྤྱོད་བཟང་མཚོན་པ་བྱ་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།