རྔ་བ་ཁུལ་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པས་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས12ཉིན་གྱི་སྔ་དྲོར། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པས་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིའུ་ཕིང་དང་། ཀུའུ་ཡུན་ལུང་། ལི་ཝེ་གོ ཝུའུ་ལི་ཡན། ཀའོ་ལི་ཞིན། ཝང་ཆོན། ལི་ཧུང་ཡུང་། ཝང་ཏེ་ཧའེ། པད་མ་བདེ་སྐྱིད། སྨི་ཅན་ཁང་། ཀྲང་ཕེ་ཡུན། ཀྲང་ཅན་བཅས་ཚོགས་འདུར་ཞུགས། 

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀུའུ་ཡུན་ལུང་གིས་ཚོགས་འདུའི་གཙོ་འགན་བཞེས། 

ཚོགས་འདུར་མི་50ཞུགས་དགོས་པ།  དངོས་སུ་ཞུགས་མི་45ཡོད་པས། ཁྲིམས་བཀོད་མི་གྲངས་དང་མཐུན། 

ཚོགས་འདུའི་ཐོག་དྲུང་ཡིག་ཁྲུའུ་ཡི་རྩ་འཛུགས་ཚོ་ཆུང་གི་འཐུས་མི་འདེམས་བསྐོ་བྱེད་ཐབས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་སྐོར་གྱི་གནས་ཚུལ་སྙན་ཞུ་དང་། ཁུལ་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པར་ཞིབ་དཔྱོད་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་དང་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་སྣོན་འཛུགས་བྱེད་པའི་གཏན་འབེབས་འཆར་ཟིན་གྱི་གནས་ཚུལ་སྙན་ཞུ། འཐུས་མི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འོས་མི་བརྡས་ཐག་གཅོད་ཐབས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་སྐོར་གྱི་གནས་ཚུལ་གྱི་སྙན་ཞུ་བཅས་ལ་གསན་པ་དང་། ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུའི་གཏན་འབེབས་ཀྱང་གནང་བ་རེད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།