སི་ཁྲོན་ཞིང་ཆེན་གྱི་ལས་གཞིའི་རྣམ་གྲངས25ལ་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་གྱིས་གཙོ་སྐྱོང་དང་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ནང་ཞུགས་པར་ལེགས་འགྲུབ་བྱུང་བའི་རྣམ་གྲངས25ཡོད་པ་དང་། དེའི་ནང་དམིགས་བསལ་བྱ་དགའ1དང་བྱ་དགའ་ཨང་དང་པོ2ཡོད་ལ། འཁོར་ལམ་འགྲིམ་འགྲུལ་དང་། གནོད་འཚེའི་སྔོན་བརྡ་སོགས་གཙོ་གནད་ཐོན་ལས་ཁྱབ་ཁོངས་མང་པོ་ཚུད་ཡོད།

ད་ལོར་སི་ཁྲོན་ཞིང་ཆེན་ལ་སླར་ཡང་རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་ཐོབ།

ཟླ1པོའི་ཚེས10ཉིན་པེ་ཅིང་དུ་འཚོགས་པའི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་སྟེང2019ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཐོབ་པའི་མིང་ཐོ་ཡོངས་བསྒྲགས་བྱས་པ་དང་། ལས་གཞིའི་རྣམ་གྲངས296དང་ཚན་རྩལ་ཆེད་མཁས་པ12ལ་བྱ་དགའ་ཐོབ་པའི་ནང་སི་ཁྲོན་ཞིང་ཆེན་གྱིས་གཙོ་སྐྱོང་དང་དེའི་ནང་ཞུགས་པར་ལེགས་འགྲུབ་བྱུང་བའི་ལས་གཞིའི་རྣམ་གྲངས25ཡོད་པ་དང་། དེ་དག་གློག་རྡུལ་ཆ་འཕྲིན་དང་། སྒྲིག་ཆས་བཟོ་སྐྲུན། སྔོན་ཐོན་རྒྱུ་ཆ། ནུས་རྒྱུ་རྫས་འགྱུར་བཟོ་ལས། དེང་རབས་ཞིང་ལས། ལྕགས་ལམ་འགྲིམ་འགྲུལ། གནོད་འཚེའི་སྔོན་བརྡ་སོགས་གཙོ་གནད་ཐོན་ལས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད།

ཞིབ་ཕྲའི་ཐོག་ནས་བརྗོད་ན། སི་ཁྲོན་ཞིང་ཆེན་གྱིས་གཙོ་སྐྱོང་གནང་བའི་བྱ་དགའ་ཐོབ་པའི་ལས་གཞིའི་རྣམ་གྲངས11ཡོད་པའི་ནང་། རྣམ་གྲངས2ལ་རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་དང་པོ་ཐོབ་པའི་ནང་། གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲང་ཞའོ་སུང་གི་ཚོགས་པས་ལེགས་འགྲུབ་བྱས་པའི་ཆེད་སྤྱོད་རྣམ་གྲངས་དང་། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧི་ཁྲོན་ཚོགས་པས་གཙོ་སྐྱོང་བྱས་པའི“རྙོག་འཛིང་ཆེ་ལ་ཉེན་ཁ་ཆེ་བའི་རི་ཁུལ་གྱི་མྱུར་བགྲོད་གཞུང་ལམ་གྱི་གཞི་ཁྱོན་ཆེ་བའི་ཕུག་ལམ་ཚོགས་པ་འཛུགས་སྐྲུན་དང་དེ་བཞིན་གཉེར་སྐྱོང་བདེ་འཇགས་ཀྱི་འགག་རྩའི་ལག་རྩལ”ཚུད་ཡོད་པ་རེད། 

སི་ཁྲོན་ཞིང་ཆེན་གྱིས་གཙོ་སྐྱོང་དང་ལེགས་འགྲུབ་བྱས་ཏེ་བྱ་དགའ་ཐོབ་པའི་རྣམ་གྲངས14ནང་། ཤར་ཕྱོགས་གློག་ཤུགས་ཚོགས་པའི་ཤར་ཕྱོགས་གློག་འཕྲུལ་ཚད་ཡོད་ཀུང་སི་ཞུགས་པའི་“འབྲི་ཆུའི་འགག་གསུམ་གྱི་འགག་རྩའི་ལས་གྲྭའི”ལས་གཞིའི་རྣམ་གྲངས་ནི2019ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཚན་རྩལ་ཡར་ཐོན་གྱི་དམིགས་བསལ་བྱ་དགའ3ལས་མེད་པའི་ཁྲོད་ཀྱི1རེད།

རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་ནི་སི་ཁྲོན་གྱི་མི་འདང་ས་ཞིག་ཡིན། 2017ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཁྲོད་སི་ཁྲོན་གྱི་ལས་གཞིའི་རྣམ་གྲངས་གཅིག་ལ་ཡང་རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་གི་བྱ་དགའ་ཐོབ་མེད། 2018ལོའི་ལོ་འཁོར་གྱི་སི་ཁྲོན་ཞིང་ཆེན་གྱི་ལས་གཞིའི་རྣམ་གྲངས2ལ་རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། 2019ལོའི་ལོ་འཁོར་གྱི་བྱ་དགའ་ཡང་དེ་དང་གཅིག་མཚུངས་རེད། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན་ཆ་འཕྲིན་ཚན་རིག་པུའུ་ཡི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་གིས་སྤྱིར་བཏང་རང་བཞིན་དང་ཆོས་ཉིད་རང་བཞིན་གྱི་གནད་དོན་ལ་ཞིབ་འཇུག་དེ་བས་མང་བོ་བྱ་རྒྱུ་ནི་ཚན་རིག་མ་ལག་ཧྲིལ་པོའི་འབྱུང་རྩ་རེད། ཚན་རྩལ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ད་ལོར་སི་ཁྲོན་ལ་བྱ་དགའ་ཐོབ་པའི་གནས་ཚུལ་ཐོག་ནས་སི་ཁྲོན་ཞིང་ཆེན་གྱིས་གདོད་མའི་གསར་གཏོད་དང་རྨང་གཞིའི་ཞིབ་འཇུག་ཐད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་ནུས་པ་རྒྱལ་ཡོངས་ཀྱི་གོ་གནས་ཁྲོད་ཇེ་མཐོར་ཕྱིན་པ་གསལ་བཤད་བྱས་ཡོད་ཞེས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།