ལིའུ་ཕིང་སྲིད་གྲོས་ཀྱི་མཉམ་འབྲེལ་ཚན་ཆུང་དུ་ཕེབས། རང་ངོས་ཀྱི་ཐུན་མིན་དགེ་མཚན་གང་ལེགས་སྒོས་བཏོན་ནས་ཁུལ་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་མ་ལག་ནུས་པ་འཛུགས་སྐྱོང་དུ་ཧུར་ཐག་གིས་ཞུགས་དགོས།

34d6b466-a80a-4df1-b1d4-6bc736efdc66.jpg

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ་གྱིས་ཚོགས་འདུའི་གཙོ་འགན་བཞེས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཝེ་གོ་དང་ཝུའུ་ལི་ཡན་རྣམ་གཉིས་ཚོགས་འདུར་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ1པོའི་ཚེས11ཉིན་གྱི་ཕྱི་དྲོར། སྲིད་གྲོས་ཀྱི་སྐབས་བཅུ་བཞི་བའི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བས་རྔ་བ་ཁུལ་སྲིད་གྲོས་ཨུ་ཡོན་མཉམ་འབྲེལ་ཚན་ཆུང་གི་གྲོས་སྡུར་ཚོགས་འདུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱི་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཡིན་ཞེས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་པར་བརྩི་སྲུང་དང་། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བཅས་ཀྱི་དགོངས་དོན་གཏིང་ཟབ་མོས་སློབ་སྦྱོང་དང་ལག་ལེན་བྱེད་པ་དང་། རང་ངོས་ཀྱི་ཐུན་མིན་དགེ་མཚན་གང་ལེགས་སྒོས་བཏོན་ནས་ཁུལ་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་མ་ལག་ནུས་པ་འཛུགས་སྐྱོང་དུ་ཧུར་ཐག་གིས་ཞུགས་ཏེ།  ཁུལ་གཅིག་གླིང་གཉིས་ཁྱིམ་གཞི་གསུམ་ཇེ་མགྱོགས་སུ་བསྐྲུན་པར་སྟོབས་དང་ལྡན་པའི་ལམ་ལུགས་ཀྱི་འགན་སྲུང་གདོན་དགོས།

ཚོགས་འདུ་སྤྲོ་སེམས་འཁོལ་བའི་ངང་འཚོགས་ཤིང་། སྨན་བཅོས་དང་འཕྲོད་བསྟེན། ཆོས་ལུགས། དཔལ་འབྱོར། སློབ་གསོ། ཚན་རིག་སོགས་ལས་སྣེ་སོ་སོ་ནས་ཐོན་པའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་གནས་བབ་གསར་བའི་འོག་གི་སྨན་བཅོས་འཕྲོད་བསྟེན་ལས་དོན་གྱི་འཕེལ་རྒྱས་དང་། མི་རིགས་ཆོས་ལུགས་ཀྱི་ལས་ཀ ནོར་སྲིད་དཔལ་འབྱོར་དང་ཞིང་ལས་ཀྱི་གཅིག་ཕན་གཅིག་འདེགས་ཀྱི་ལས་དོན། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་སོགས་ཀྱི་དཀའ་གནད་སྐོར་ནས་བསམ་འཆར་ལེགས་པོ་མང་དུ་བཏོན། ལིའུ་ཕིང་གིས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པའི་གཏམ་བཤད་ལ་གསན་ཞོར་ཟིན་བྲིས་འདེབས་པ་དང་བར་རེར་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་དང་གྲོས་མོལ་ལྷུག་པོར་མཛད།      

ཁོང་གིས་ཨུ་ཡོན་རྣམས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཁས་ལེན་མཛད་ཅིང་། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་སྐྲུན་པར་བྱས་རྗེས་བཞག་པར་བཀའ་དྲིན་ཆེ་ཞུས།  

ལིའུ་ཕིང་གིས་བསྟན་དོན། མིག་སྔར། རང་ཁུལ་ནི་ཚུལ་བསྒྱུར་འཕེལ་རྒྱས་དང་གསར་གཏོད་འཕེལ་རྒྱས། འགོམ་བརྒལ་འཕེལ་རྒྱས་བཅས་ཀྱི་གནད་སྒྲོལ་དུས་སྐབས་ཤིག་ཏུ་གནས་ཡོད་པས། གཞི་རིམ་བཅོས་སྐྱོང་གི་ལས་འགན་ཧ་ཅང་ལྗིད། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་རིག་པ་མང་འདུས་ཀྱི་ནུས་པ་བཏོན་ནས། ཁུལ་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་མ་ལག་ནུས་པ་འཛུགས་སྐྱོང་བྱེད་པར་ཤེས་རབ་གཅིག་ཏུ་སྡུད་པར་སྐུལ་འདེད་གཏོང་དགོས་ཤིང་། མང་ཚོགས་ཀྱི་བསམ་པའི་ངོས་ཟིན་གྱི་དཀའ་གནས་དང་ཁེ་ཕན་འབྲེལ་བའི་སྣོལ་མཚམས། སྤྱི་ཚོགས་ཀྱི་འགལ་བ་འབྱུང་སླ་བའི་ཆ། གཞི་རིམ་བཅོས་སྐྱོང་གི་གནད་འགག་བཅས་དང་དམ་པོར་སྦྲེལ་ནས། མིག་རྒྱང་རིང་བ་དང་ལག་བསྟར་རུང་བའི་བསམ་འཆར་བཏོན་ནས། ཁུལ་ཨུས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པར་རམ་འདེགས་བྱ་དགོས། ཐོན་ཁུངས་མང་བ་དང་མི་དང་འབྲེལ་བ་ཆེ་བའི་དགེ་མཚན་གང་ལེགས་སྒོས་བཏོན་ནས་ཕྱི་ཕྱོགས་སུ་རྔ་ཁུལ་འཕེལ་རྒྱས་ཀྱི་ལེགས་ཆ་འོས་སྦྱོར་ཧུར་ཐག་བྱས་ཏེ་རྣམ་གྲངས་དང་། མ་དངུལ། ལག་རྩལ། ཤེས་ལྡན་མི་སྣ་བཅས་དེ་བས་མང་བ་རྔ་ཁུལ་དུ་གཞིས་ཆགས་རྒྱུར་སྐུལ་ལྕག་འདེབས་དགོས། རིགས་མི་འདྲ་བའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་འཆར་འགོད་བློ་འདྲི་དང་། ཐོན་ལས་རོགས་སྐྱོར། ལག་རྩལ་ཁྱབ་གདལ། རྩལ་ནུས་གསོ་སྦྱོང་སོགས་ཀྱི་བྱེད་སྒོ་གཏིང་ཟབ་མོར་སྤེལ་ནས་གཞི་རིམ་གྱི་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་རམ་འདེགས་བྱེད་དགོས། 

ལིའུ་ཕིང་གིས་བསྟན་དོན། འབྲེལ་གཏུག་རྒྱ་ཁྱབ་ཀྱི་ནུས་པ་བཏོན་ནས་ཁུལ་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་མ་ལག་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་དགོས་པ་དང་། བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་གོང་བུར་འགྲིལ་རྒྱུ་དེ་ལས་འགན་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཐབས་འདོན་ཇུས་འདོན་དང་སྲིད་དོན་སྐྱོང་རོགས།ངོས་འཛིན་གཅིག་མཐུན་གོང་བུར་འགྲིལ་བའི་ཐད་ནུས་ཤུགས་འདོན་དགོས། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ།ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་དྲིལ་བསྒྲགས་གཏིང་ཟབ་དང་། རིམ་པ་མི་འདྲ་བ་དང་ལས་རིགས་སོ་སོའི་མི་སྣས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་ཁུལ་ཨུའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་ཁྲིད་སྟོན་བྱས་ཏེ། ཁུལ་ཨུས་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་མ་ལག་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་སྔར་བས་རྒྱབ་སྐྱོར་ཆེན་པོ་བྱེད་དགོས།  

ལིའུ་ཕིང་གིས་ནན་གྱིས་བསྟན་དོན། ཐབས་ལམ་ཤར་གཏོང་གི་ནུས་པ་བཏོན་ནས་ཁུལ་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་མ་ལག་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། ཐབས་ལམ་དང་བྱེད་ཐབས་སྣ་ཚོགས་ལེགས་པར་བེད་སྤྱད་ནས་མི་རིགས་མི་འདྲ་བ་དང་ལས་རིགས་མི་འདྲ་བའི་བར་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་བྱེད་པར་སྐུལ་འདེད་བཏང་སྟེ་རང་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་འགྲིལ་ཤུགས་ཆེན་པོ་ཆགས་པར་བྱ་དགོས། ལས་དོན་གྱི་ཁྱོན་ཡོངས་དང་ལས་འགན་གཙོ་བོར་རྩེ་གཅིག་ཏུ་དམིགས་ཏེ་སྲིད་གྲོས་ལས་དོན་ཁྲོད་ཀྱི་ཨུ་ཡོན་གྱི་ནུས་པ་གཙོ་བོ་དང་། རང་འཁྲིའི་ལས་དོན་ཁྲོད་ཀྱི་སྣེ་ཁྲིད་ནུས་པ། རིགས་མི་འདྲ་བའི་མང་ཚོགས་ཁྲོད་ཀྱི་འཐུས་མིའི་ནུས་པ་བཅས་གང་ལེགས་སྒོས་བཏོན་ནས། མང་ཚོགས་དང་མཉམ་དུ་འབད་འཐབ་བྱེད་པར་སྐུལ་ཁྲིད་བྱེད་དགོས།

ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ཧྥན་ཅི་ཡུའེ་དང་། ཁུལ་ཨུའི་རྒྱུན་ཨུ། དྲུང་ཆེན་ལིའུ་པོ་ཐའོ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚོགས་འདུའི་ཁོངས་མི། ཁུལ་ཨུའི་འབྲེལ་ཡོད་དྲུང་ཆེན་གཞོན་པ། ཁུལ་སྲིད་གྲོས་ཀྱི་དྲུང་ཆེན་གཞོན་པ་དང་གཞུང་ལས་ཁང་ཁག་གི་ཀྲུའུ་རེན། སྲིད་གྲོས་སྐབས་བཅུ་བཞི་བའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་བའི་ཚོ་ཆུང་དྲུག་པའི་ཨུ་ཡོན་དང་ཟུར་ཞུགས་མི་སྣ། དེ་མིན་ལས་རིགས་ཁག་གི་ཨུ་ཡོན་དང་འཐུས་མི་སོགས་ཚོགས་འདུར་ཞུགས་ཡོད།    

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།