ལི་ཐང་རྫོང་གིས་ཞིང་འབྲོག་ཁུལ་གྱི་འགྲོ་ལམ་བདེ་འཇགས་ཐད་ཤུགས་སྣོན་བརྒྱབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  དགུན་དུས་ཀྱི་གྲོང་གསེབ་དང་འབྲོག་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་བདེ་འཇགས་འགྲོ་སྐྱོད་དང་། ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱས་ཏེ་འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་དང་ཇེ་ཉུང་དུ་གཏོང་ཆེད།  ལི་ཐང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཞིང་འབྲོག་ཁུལ་གྱི་གཞུང་ལམ་སྐྱེལ་འདྲེན་བདེ་འཇགས་ཐོན་སྐྱེད་ལས་དོན་ཐད་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་རེད།

ལི་ཐང་རྫོང་གིས་གཞུང་ལམ་བདག་སྐྱོང་མི་སྣ་མངགས་ཏེ་འགྲིམ་འགྲུལ་དོན་རྐྱེན་འབྱུང་སླ་བའི་ཤང་དུ་བདེ་འཇགས་མཚོན་རྟགས་བྱང་བུ་བཙུགས་པ་མ་ཟད།  གཞུང་ལམ་བདག་སྐྱོང་མི་སྣ་ལས་གནས་སུ་ཞུགས་ཏེ་དུས་བཀག་ལྟར་གཞུང་ལམ་ལ་ཞིབ་བཤེར་མཛད་པ་དང་། ཆབས་ཅིག་ཏུ་གྲོང་གསེབ་ཀྱི་གཞུང་ལམ་ཀྱག་ཀྱོག་དང་། ལ་གཟར་པོ། ཆུ་ཁར་ཐུག་པའི་ལམ། བཞི་མདོ། དར་ཆགས་སླ་བའི་ལམ་བཅས་ལ་ཉིན་གསུམ་རིང་གི་མངོན་མེད་འགྲིམ་འགྲུལ་རྐྱེན་ངན་སེལ་བའི་ལས་དོན་སྤེལ་ཞིང་།   དེ་མཚུངས་སུ་ལི་ཐང་རྫོང་གིས་འཕྲལ་སྡོམ་ཉེན་སེལ་དཔུང་ཁག་བཙུགས་ནས་བདེ་འཇགས་མཚོན་རྟགས་ཀྱི་བྱང་བུ16བཟོས་པ་དང་། རྐོ་འདྲུའི་འཕྲུལ་འཁོར་དང་འདོན་འཇུག་འཕྲུལ་འཁོར་གཉིས། འདྲུད་འཐེན་འཁོར་ལོ་གཅིག་བཅས་སྒྲིག་འཛུགས་བྱས་ཤིང་། བཟོ་ལས་ཚྭ་ཏུན5ཉོས་པ་དང་། འདྲེད་འགོག་བྱེ་རྡོ་སོགས་གྲ་སྒྲིག་བྱས།

 ཤེས་རྟོགས་བྱུང་བར་གཞིགས་ན། མངོན་མེད་འགྲིམ་འགྲུལ་རྐྱེན་ངན་ཞིབ་བཤེར་མཛད་པའི་གནད་དོན་ལ་ལི་ཐང་རྫོང་གིས་ཚེས15ཉིན་གྱི་སྔོན་དུ་དག་ཐེར་ལས་དོན་ལེགས་སྒྲུབ་བྱས་ནས་གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ཐུབ་རྒྱུར་འགན་ལེན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།