རྔ་བ་ཁུལ་གྱིས2019ལོའི་ལོ་འཁོར་གྱི་རྩྭ་ཐང་ཁ་གསབ་བྱ་དགའི་མ་དངུལ་འདང་ངེས་ལག་བསྟར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས9ཉིན་གནས་ཚུལ་འབྱོར་གསལ། 2019ལོར་རྔ་བ་ཁུལ་གྱིས་རྩྭ་ཐང་གི་ཕྱུགས་འགོག་ཁ་གསབ་མུའུ་ཁྲི2000དང་། རྩྭ་ཕྱུགས་དོ་སྙོམས་ཀྱི་བྱ་དགའ་མུའུ་ཁྲི3765་ལ་ཁ་གསབ་མ་དངུལ་སྤྲད་པ་རེད། ཁུལ་ཡོངས་ཀྱི་ཁ་གསབ་བྱ་དགའི་མ་དངུལ་སྤྲོད་ཚད100%ལ་སླེབས་པ་དང་། ཁ་གསབ་བྱ་དགའི་མ་དངུལ་དེ་ཟླ12པའི་ཟླ་མཇུག་གི་སྔོན་ལ་སྤྱི་ཚོགས་འགན་སྲུང་བྱང་བུའི“བྱང་བུའི་གཅིག་ཆོད་མ”བརྒྱུད། དུས་ཐོག་ཏུ་དངུལ་སྤྲོད་ལག་བསྟར་བྱས་ཏེ་ཕྱུགས་འགོག་ཁ་གསབ་མ་དངུལ་སྒོར་ཁྲི15000དང་རྩྭ་ཕྱུགས་དོ་སྙོམས་ཀྱི་བྱ་དགའི་མ་དངུལ་སྒོར་ཁྲི9412.5སྤྲད་པ་དང་། ཁྱོན་སྒོར་ཁྲི24412.5ལ་སླེབས་ནས་ལོ་ཧྲིལ་བོའི་གཏོང་སྤྲོད་ལས་འགན་དུས་ཐོག་ཏུ་ལེགས་སྒྲུབ་བྱས་པ་རེད། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།