རྔ་བ་ཁུལ་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་གཉིས་ཀྱིས་རྔ་བ་ཁུལ་མི་དམངས་སྨན་ཁང་བཅོལ་གཉེར་བྱ་སྐོར་གྱི་ཆིངས་ཡིག་འགོད་པའི་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྔ་བ་ཁུལ་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་གསོ་རིག་ཚན་རིག་ཁང་དང་སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་གཉིས་ཀྱིས་རྔ་བ་ཁུལ་མི་དམངས་སྨན་ཁང་བཅོལ་གཉེར་བྱ་སྐོར་གྱི་ཆིངས་ཡིག་འགོད་པའི་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུའི་ཀྲུའུ་རེན་ཧོ་ཡན་ཀྲེན་དང་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་རྣམ་གཉིས་མཛད་སྒོར་ཕེབས་ནས་གསུང་བཤད་གནང་། ཞིང་ཆེན་མི་དམངས་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཡོན་ཀྲང་ཏེང་ཧྲའོ་ཕིང་གིས་ཤིས་ཚིག་གནང་བར་མ་ཟད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་དང་མཉམ་དུ་ཆིངས་ཡིག་ཀྱང་བཀོད། ཞིང་ཆེན་མི་དམངས་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཨོའུ་ལི་ཧྲེང་དང་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཀུའུ་ཡུན་ལུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ་རྣམས་མཛད་སྒོར་ཕེབས།

ལིའུ་ཕིང་གིས་གསུང་བཤད་གནང་སྐབས། ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་ཚབ་མཛད་ནས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་དང་ཞིང་ཆེན་མི་དམངས་སྨན་ཁང་གིས་ཡུན་རིང་དུ་རྔ་བ་ཁུལ་གྱི་འཕྲོད་བསྟེན་བདེ་ཐང་གི་ལས་དོན་ལ་ཐུགས་ཁུར་དང་རོགས་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། །  

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།