སི་ཁྲོན་གྱིས་ཐབས་ལམ་ཁག22བཏོན་ནས་ཁེ་ལས་འབྲིང་ཆུང་གི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་སི་ཁྲོན་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་གཞུང་ལས་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། སི་ཁྲོན་གྱིསཁེ་ལས་འབྲིང་ཆུང་གི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆརབཏོན་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། མ་རྩ་མཉམ་འདྲེས་ལ་སྐུལ་མ་གཏོང་བ། ནོར་ཁྲལ་ལ་རྒྱབ་སྐྱོར། གསར་གཏོད་འཕེལ་རྒྱས། ཞབས་འདེགས་འགན་སྲུང་སོགས་ཕྱོགས་ལྔ་ནས་སྲིད་ཇུས་ཀྱི་ཐབས་ལམ་ཁག22བཏོན་ཏེ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་ཁེ་ལས་འབྲིང་ཆུང་གི་སྐྱོན་བྲལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས།

འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བའི་ཐད། ལག་བསྟར་བསམ་འཆར་དུ་ཁ་གསལ་བཏོན་དོན། སི་ཁྲོན་གྱིས་འགྲན་རྩོད་ཀྱི་གཟུ་བོའི་རང་བཞིན་གྱི་རྩ་དོན་དོན་འཁྱོལ་བྱས་ནས་ཁེ་ལས་འབྲིང་ཆུང་གི་ཚོང་རའི་ཆོག་འཐུས་ཀྱི་ཚད་གཞི་སྔར་བས་དམའ་རུ་གཏོང་རྒྱུ་དང་། ཁོར་ཡུག་དཔྱད་ཞིབ་ལམ་ལུགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་ཁོར་ཡུག་གི་ཤུགས་རྐྱེན་ཐོ་འགོད་རེའུ་མིག་གི་ཐོ་འགོད་སྙན་སེང་ལམ་ལུགས་དོན་འཁྱོལ་བྱས་ནས་ལས་གཞིའི་ཁོར་ཡུག་དཔྱད་ཞིབ་ཞིབ་མཆན་གྱི་དུས་བཀག་ཁྲིམས་གཏན་འཁེལ་བའི་དུས་བཀག་གི་ཕྱེད་ཀ་བར་ཐུང་དུ་གཏོང་རྒྱུ། ཚོང་རའི་དྲང་གཞག་འགྲན་རྩོད་ལ་སྐུལ་འདེད་གཏོང་བ་དང་འོས་སྐུལ་འོས་དཔོད་ཀྱི་ཆེད་དོན་བཅོས་སྒྲིག་སྤེལ་ནས་ལུགས་དང་མི་མཐུན་པའི་ཚད་བཀག་དང་འགོག་རྐྱེན་སྣ་ཚོགས་སེལ་རྒྱུ། རྒྱུ་རྐྱེན་གཙོ་བོའི་འདྲ་མཉམ་སོགས་ཀྱི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས་གླིང་ཁུལ་གྱི་ཁེ་ལས་འབྲིང་ཆུང་དྲ་ཐོག་ཚོང་རའི་ཉོ་ཚོང་ལ་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཆ་རྐྱེན་ཚང་བའི་ཁེ་ལས་འབྲིང་ཆུང་དག་ཉར་ཚགས་བྱས་པའི་གློག་ཚད་དང་ཆར་ཆུ་འབེལ་བའི་སྐབས་ཀྱི་གློག་ཚད་འཐོལ་པ་སྤྱོད་པའི་སྲིད་ཇུས་ཀྱི་ལག་བསྟར་བྱེད་ཁོངས་སུ་འཇུག་རྒྱུ་དང་ཆབས་ཅིག གནས་སྐབས་གློག་རིན་གཅོག་པ་སོགས་ཀྱི་ཐབས་ལམ་སྤྱད་དེ་སྤྱིར་བཏང་གི་བཟོ་ཚོང་ལས་རིགས་ཀྱི་གློག་རིན་སྔར་བས་གཅོག་རྒྱུ་བཅས་རེད།

ལག་བསྟར་བསམ་འཆར་དུ་ད་དུང་ཁེ་ལས་འབྲིང་ཆུང་ལ་ནོར་ཁྲལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ནོར་དཔལ་མཉམ་འགུལ་སྲིད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་དང་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ཐེབས་རྩ་བཟང་བོ་སྤྱད་ནས་དངུལ་རྩའི་སྒྲིག་གཞི་དང་སྤྱི་ཚོགས་མ་རྩས་ཁེ་ལས་འབྲིང་ཆུང་ལ་རྒྱབ་སྐྱོར་བྱེད་པར་ཁྲིད་སྟོན་བྱ་དགོས་པའི་བླང་བྱ་བཏོན་ཡོད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།