སི་ཁྲོན་ཞིང་ཆེན་གྱི་མི་རིགས་ས་ཁུལ་དུ“9+3”གྱི་རིན་མེད་སློབ་གསོའི་འཆར་གཞི་ལག་ཏུ་བསྟར་ནས་ལོ་བཅུ་འགོར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་བཅུའི་རིང་མི་རིགས་ས་ཁུལ་གྱི་ཁྱིམ་ཚང་ཁྲི8ལྷག་ལ“9+3”གྱི་སློབ་ཡོན་མི་དགོས་པའི་སློབ་གསོའི་འཆར་གཞིའི་ཁྲོད་བོད་རིགས་ས་ཁུལ་དང་ལེའང་ཧྲན་དབྱིས་རིགས་ས་ཁུལ་གྱི་སློབ་མ་ཁྲི4.2ལ་ཕན་ཁེ་ཐོབ་ནས་སློབ་མཐར་ཕྱིན་པ་དང་ཐོག་མའི་ལས་ཞུགས་ཚད98%ལས་བརྒལ་ཡོད་པ་རེད། དེ་ནི་གསར་འགོད་པས་ཉེ་ཆར་སི་ཁྲོན་ཞིང་ཆེན་མི་རིགས་ས་ཁུལ་དུ“9+3”གྱི་རིན་མེད་སློབ་གསོའི་འཆར་གཞི་ལག་བསྟར་བྱས་ནས་ལོ་བཅུ་འཁོར་བའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱུང་བ་རེད།

2009ལོར་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བོད་རིགས་ས་ཁུལ་དུ“9+3”གྱི་སློབ་ཡོན་མི་དགོས་པའི་སློབ་གསོའི་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་པ་དང2014ལོར་ལེའང་ཧྲན་དབྱིས་རིགས་ས་ཁུལ་དུ་རྒྱ་སྐྱེད་བཏང་བ་རེད། ལོ་དགུའི་འོས་འགན་སློབ་གསོའི་རྨང་གཞིའི་སྟེང་དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་དང་སློབ་རིམ་འཕར་མེད་པའི་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་སྒྲིག་འཛུགས་བྱས་ནས་ནང་སའི་སྤུས་ལེགས་ལས་རིགས་སློབ་གྲྭར་སློབ་ཡོན་མི་དགོས་པར་འབྲིང་རིམ་ལས་རིགས་སློབ་གསོ་དང་ལེན་བྱས་པ་མ་ཟད། ལས་ཀར་ཞུགས་ཐུབ་པར་རོགས་རམ་གང་ཐུབ་བྱས། མིག་སྔར་འཆར་གཞི་འདི་བོད་རིགས་ས་ཁུལ་དང་ལེའང་ཧྲན་དབྱིས་རིགས་ས་ཁུལ་གྱི་དབུལ་ནག་རྫོང45ནས་ལག་བསྟར་བྱ་རྒྱུའི་འཆར་གཞི་བཀོད་ཡོད། ལོ་བཅུའི་རིང་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་སྒོར་དུང་ཕྱུར20.73བཏང་ནས“9+3”གྱི་སློབ་ཡོན་མི་དགོས་པའི་སློབ་གསོའི་འཆར་གཞི་ཐད་བཀོལ་བ་དང་སྔ་རྗེས་སུ་ནང་སའི་འབྲིང་རིམ་ལས་རིགས་སློབ་གྲྭ100ལྷག་གིས་ལས་འགན་འདི་སྒྲུབ་འགན་འཁུར། རིམ་རྩིས་བྱས་ན་བོད་རིགས་ས་ཁུལ་གྱི་སློབ་མ་ཁྲི5ལྷག་དང་ལེའང་ཧྲན་དབྱིས་རིགས་ས་ཁུལ་གྱི་སློབ་མ་ཁྲི3ཙམ་བསྡུས་ཡོད་པ་རེད། དེ་ལས་ཕན་པ་ཐོབ་པའི་མི་རིགས་ས་ཁུལ་གྱི་ཁྱིམ་ཚང་ཁྲི8ལྷག་གི་ནང་ཐག་རིང་ལུང་ཁུག་དང་དབུལ་པོའི་ཞིང་འབྲོག་པའི་ཁྱིམ་ཚང་གི་བུ་ཕྲུག་གིས90%ཡན་ཟིན་ཡོད།

མ་འོངས་པར་སི་ཁྲོན་ཞིང་ཆེན་གྱིས་མི་རིགས་ས་ཁུལ་གྱི་སློབ་གསོ་གོང་དུ་སྤེལ་བ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས་མི་རིགས་ས་ཁུལ་གྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ་མི་རིགས་ས་ཁུལ་གྱི་ཁྱིམ་ཚང་སློབ་གསོ་ཐད་དངོས་ཕན་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་རེད། མི་རིགས་ས་ཁུལ་གྱི་ལས་རིགས་སློབ་གསོ་ལེགས་པོ་སྒྲུབ་ནས་སྲིད་ཇུས་ཀྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་། སློབ་གྲྭའི་བཀོད་པ་གཅིག་གྱུར་འཆར་འགོད། ཆེད་ལས་ཀྱི་བཀོད་པ་གཅིག་གྱུར་འཆར་འགོད། སློབ་མའི་འབྱུང་ཁུངས་བཀོད་སྒྲིག་གཅིག་གྱུར། ཐོན་ཁུངས་འགན་སྲུང་གཅིག་གྱུར་འཆར་འགོད་བཅས་བྱས་ནས་མཐོ་རིམ་སློབ་གྲྭས་མི་རིགས་ས་ཁུལ་གྱི་འབྲིང་རིམ་ལས་རིགས་སློབ་མ་བསྡུ་པའི་ཚད་ཇེ་ཆེ་རུ་གཏོང་བ་སོགས་ཀྱི་སྲིད་ཇུས་གཏན་འབེབས་བྱ་རྒྱུ་དང་། “9+3”གྱི་སློབ་ཡོན་མི་དགོས་པའི་སློབ་གསོའི་འཆར་གཞི་ཐད་སྲིད་ཇུས་ཀྱི་རམ་འདེགས་རོགས་སྐྱོར་བྱེད་ཐུབ་པ་བྱ་རྒྱུ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།