གླུ་བྲོ་མཆོད་པས་གནམ་ལོ་གསར་ཚེས་བསུས།།མེས་རྒྱལ་དར་རྒྱས་ཡོང་བའི་སྨོན་འདུན་ཞུས།།

2020010609123829327.jpg

འདི་ནི་ལི་ཐང་རྫོང་གིས་གེ་སར་ཐང་ཆེན་དུ་དགའ་དགའ་སྤྲོ་སྤྲོས2020ལོའི་གནམ་ལོ་གསར་ཚེས་ལ་བསུ་མ་ཞུ་ཞེས་པའི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་བྱས་ནས་བོད་རིགས་ས་ཁུལ་གྱི་མང་ཚོགས་ཉིས་སྟོང་ལྷག་འདུ་འཛོམས་བྱུང་ནས་དགའ་སྤྲོའི་རྣམ་པས་ཡོངས་སུ་ཁེངས་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གནམ་ལོ་གསར་དུ་མ་ཚེས་པའི་སྔ་ཉིན་གྱི་དགོང་མོར་ཉག་ཆུ་རྫོང་གིས་མི་ཉག་ཐང་ཆེན་ཏུ་མི་བརྒྱའི་སྐོར་བྲོ་དགོང་ཚོགས་གཉེར་ནས་ས་གནས་དེ་གའི་མང་ཚོགས་ཚང་མས་མེ་ཕུང་བསྐོར་ནས་གླུ་ལེན་བྲོ་འཁྲབ་བྱས་ཏེ་ལོ་གསར་པར་བསུས་ནས་ལོ་གསར་པའི་ནང་རྒྱལ་ཁབ་དེ་བས་སྟོབས་འབྱོར་ལྡན་པ་ཡོང་བའི་སྨོན་ལམ་ཞུས་པ་རེད།

ཉིན་དེར་རང་ཁུལ་གྱི་ས་གནས་སོ་སོར་འཁྲུག་ཆ་དོད་ཅིང་འཆམ་མཐུན་ལྡན་པའི་དུས་ཆེན་གྱི་རྣམ་པས་ཡོངས་སུ་ཁེངས་པ་རེད། ལི་ཐང་རྫོང་གི་གེ་སར་ཐང་ཆེན་དང་འཇའ་ཚོན་ཐང་ཆེན་དུ་དབུལ་སྐྱོར་ཐོན་རྫས་ཀྱིས་ལོ་གསར་བསུ་ཞེས་པའི་ལོ་གསར་གྱི་མཁོ་ཆས་ཚོང་འགྲེམས་ཆེན་པོའི་བྱེད་སྒོ་སྤེལ་བ་དང་། བྱེད་སྒོ་དེར་ཡུལ་དེ་གའི་ མང་ཚོགས2000ལྷག་ཙམ་འཛོམས་ནས་འཚང་ཁ་ཆེན་པོས་ལོ་གསར་གྱི་མཁོ་ཆས་ཉོས་པ་རེད། ཚོང་འགྲེམས་ཆེན་པོ་དེ་ཁག་ལྔ་རུ་བགོས་པ་སྟེ། ཞིང་ཞོར་ཡུལ་ཐོན་ཁྱད་རྫས་དང་མི་རིགས་ཀྱི་ལག་ཤེས་བཟོ་རྩལ། བོད་ཆས། གུར། རྟ་སྒ བལ་གདན། ཟ་སྲུབ་འཕྲུལ་ཆས་སོགས་ཟ་གོས་སྤྱོད་གསུམ་གྱི་ཚོང་ཟོག་སྣ་མང་ཕུན་སུམ་ཚོགས་པོ་འགྲེམས་སྟོན་བྱས་ནས་མང་ཚོགས་དང་ཡུལ་སྐོར་བ་ཚོས་རང་ཉིད་ཀྱིས་གང་མཁོ་དངོས་རྫས་འཚོལ་ཉོས་པ་རེད།

དཔལ་ཡུལ་རྫོང་དུ་གནམ་ལོ་གསར་ཚེས་ཀྱི་ཆེད་གཉེར་རིག་གནས་དམངས་ཕན་འཁྲབ་སྟོན་བྱེད་སྒོ་སྤེལ་ནས་རྫོང་དེའི་མང་ཚོགས་ལ་ལྟ་ན་སྡུག་པའི་སྟོན་མོ་འཁྲབ་སྟོན་བྱས་ནས་ལོ་གསར་པར་བསུ་མ་ཞུས་པ་རེད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།