དཀར་མཛེས་ཁུལ་འགོ་ཁྲིད་ཀྱིས་ལོ་མཇུག་གི་བསྡོམས་རྩིས་ལས་ཡུལ་དང་པོར་འབད་འཐབ་བྱེད་པའི་ལས་བྱེད་པ་དང་ལས་བཟོར་འཚམས་འདྲི་གནང་ཞིང་ཚང་མར་ལོ་གསར་པར་བཀྲ་ཤིས་སྨོན་འདུན་ཞུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་སྤྱི་ཟླ12པའི་ཚེས31ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་རྒྱུན་ཨུ།  ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲང་ཁྲེང་ལུང་དང་བཅས་པ་ཁུལ་ཁྲལ་དོན་ཅུས་དང་ཁུལ་ནོར་སྲིད་ཅུས་སུ་བསྐྱོད་དེ། ལོ་མཇུག་གི་བསྡོམས་རྩིས་ལས་ཡུལ་དང་པོར་འབད་འཐབ་བྱེད་བཞིན་ཡོད་པའི་ལས་བྱེད་པ་དང་ལས་བཟོར་འཚམས་འདྲི་ཞུས་པ་དང་འབྲེལ་ཚང་མར་ལོ་གསར་གྱི་སྨོན་འདུན་དང་བྱམས་བརྩེའི་ཁམས་བདེར་ཞུས་པ་རེད།

ཀྲང་ཁྲེང་ལུང་དང་བཅས་པ་དང་ཐོག་ཁུལ་ཁྲལ་དོན་ཅུས་སུ་བསྐྱོད་ནས2019ལོའི་ཁྲལ་དོན་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་རྒྱུས་ལོན་བྱས་པ་རེད།  ངོ་སྤྲོད་བྱས་པར་གཞིགས་ན། ཟླ་བ12པའི་ཚེས30ཉིན་བར་ཁུལ་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་རིམ་རྩིས་བྱས་ན་ཁྲལ་གྲོན་སྣ་ཚོགས་ཀྱི་ཡོང་འབབ་སྒོར་དུང་ཕྱུར67.82བསྡུས་ནས།  2019ལོའི་ཁྲལ་གྲོན་ཡོང་འབབ་ཀྱི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་རེད།  དེ་རྗེས་ཀྲང་ཁྲེང་ལུང་དང་བཅས་པ་ཁུལ་ནོར་སྲིད་ཅུས་སུ་བསྐྱོད་ནས2019ལོར་ཁུལ་ནོར་སྲིད་ཅུས་ཀྱིས་རྒྱུ་ནོར་ཡོང་ཁུངས་དང་ཞབས་ཞུ་ལེགས་པོ། དམངས་འཚོར་ཕན་འདོགས་པ་བཅས་བྱས་ནས་དུས་བཀག་ལྟར་ལས་འགན་ཁག་ལེགས་སྒྲུབ་བྱས་ཏེ།  ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ནོར་ཤུགས་ཀྱི་འགན་ལེན་བརྟན་པོ་བྱས་ཡོད་ཅེས་ཀྲང་ཁྲེང་ལུང་གིས་དེའི་ཐད་ཁས་ལེན་དང་བསྔགས་བརྗོད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།