འཛམ་ཐང་གི་རོང་འབྲོག་མང་ཚོགས699ཡིས་རླངས་འཁོར་བསྐོར་ཡིག་ལོན།

5e0d4b3bd0447.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས25ཉིན། རྡོ་སྟོད་ཡུལ་ཚོའི་སྡེ་དམངས་ཀརྨ་དངོས་གྲུབ་ཀྱིས་ལག་ཏུ་སོན་མ་ཐག་པའི་རླངས་འཁོར་བསྐོར་ཡིག་འགྲམ་གྱི་གྲོགས་པོ་ལ་བསྟན་ཏེ་ངོམ་སོ་བྱེད་བཞིན་དུ། ད་ནི་རླངས་འཁོར་བསྐོར་ཡིག་ལོན་བྱུང་། ཉིན་འགའ་འགོར་རྗེས་ང་རང་རླངས་འཁོར་གསར་བ་ཞིག་ཉོ་རུ་འགྲོ་དགོས་ཟེར། ཁོས་མུ་མཐུད་དུ་བཤད་རྒྱུར། འདི་ནི་རང་རྫོང་གིས་ང་ཚོ་རོང་འབྲོག་མང་ཚོགས་ལ་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་རླངས་འཁོར་བསྐོར་ཡིག་གི་གཞུང་ལུགས་ལ་གསོ་སྦྱོང་དང་ཡིག་རྒྱུགས་བླངས་པའི་བཀའ་དྲིན་ལས་བྱུང་བ་མ་གཏོགས། ངའི་རིག་གནས་ཆུ་ཚད་འདི་ལྟ་བུ་ཞིག་གིས་རླངས་འཁོར་བསྐོར་ཡིག་ལ་རྒྱུགས་འཕྲོད་པ་ནི་མི་སྲིད་པ་ཞིག་རེད་ཟེར།

5e0d4b4c20013.jpg

ཉིན་དེར་འཛམ་ཐང་རྫོང་རིག་གནས་ཐང་ཆེན་དུ། རོང་འབྲོག་མང་ཚོགས་ལས་བསྐོར་ཡིག་རྒྱུགས་འབྲས་ཚད་ལྡན་ཐོབ་པ་དག་ལ་བསྐོར་ཡིག་བྱིན་པའི་མཛད་སྒོ་བསྡུ་བཞིན་པ་རེད། བྱེད་སྒོ་རུ། རྫོང་ཡོངས་ཀྱི་རླངས་འཁོར་བསྐོར་ཡིག་གི་རྒྱུགས་ལ་ཞུགས་ཏེ་རྒྱུགས་འབྲས་ཚད་ལྡན་ཐོབ་པའི་རོང་འབྲོག་མི་དམངས699ལ་རླངས་འཁོར་བསྐོར་ཡིག་བྱིན།

5e0d4b5b1dcc6.jpg

འཛམ་ཐང་རྫོང་གི་རོང་འབྲོག་མང་ཚོགས་ཀྱིས་རྫོང་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི85%ཟིན་པ་དང་། རོང་འབྲོག་མང་ཚོགས་མང་པོ་ཞིག་གིས་བོད་ཡིག་གཅིག་པུ་ཤེས་པ་ལས་རྩིས་འཁོར་སྤྱོད་མི་ཤེས་པས། རླངས་འཁོར་བསྐོར་ཡིག་ལ་རྒྱུགས་སྤྲོད་པ་ནི་ཁོ་ཚོའི་དཀའ་ངལ་ཆེན་པོ་ཞིག་ཏུ་ཆགས་ཤིང་། དཔལ་འབྱོར་ཐད་ལ་གནོད་སྐྱོན་ངེས་ཅན་ཐེབས་པ་རེད། དེ་བས་འཛམ་ཐང་རྫོང་གིས་གནད་དོན་འདི་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང། འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་སྟེ། ཁ་ཚ་དགོས་གཏུགས་ཀྱི་གནད་དོན་གྱི་གྲས་སུ་བཞག་ཅིང་། འཛམ་ཐང་རྫོང་གི་རླངས་འཁོར་བསྐོར་ཡིག་གི་རྒྱུགས་ཀྱི་གསོ་སྦྱོང་ལས་ཀའི་ཇུས་གཞི་ཞེས་པ་བཟོས་ཏེ། གཅིག་གྱུར་གྱིས་བཀོད་སྒྲིག་དང་ལག་བསྟར་བྱས།

5e0d4b68be83d.jpg

གསོ་སྦྱོང་ནི་གཙོ་བོ་ལོ18ཀྱི་ཡན་དང70ཡི་མན་གྱི་རླངས་འཁོར་བསྐོར་ཡིག་མེད་པ་དང་རླངས་འཁོར་བསྐོར་ཡིག་ལེན་འདོད་ཆེ་བའི་རོང་འབྲོག་མང་ཚོགས་ལ་གཟས་ཏེ་སྤེལ་བ་རེད། རླངས་འཁོར་བསྐོར་བའི་གཞུང་ལུགས་ཀྱི་རྨང་གཞི་དང་གཞུང་ལམ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། འགྲིམ་འགྲུལ་བརྡ་རྟགས། ཤར་བགྲོད་སྒྲིག་སྲོལ། བདེ་འཇགས་དང་ཡ་རབས་ཚུལ་ལྡན་ངང་རླངས་འཁོར་གཏོང་བ་སོགས་རིག་པའིགཞུང་ལུགས་ཀྱི་གསོ་སྦྱོང་བྱེད་སྒོ་གཅིག་བསྡུས་ངང་སྤེལ། ལས་དོན་འདི་མགོ་བརྩམས་པ་ནས་བཟུང་། འཛམ་ཐང་རྫོང་གིས་རྫོང་ཧྲིལ་བོ་འཛམ་ཐང་བར་མ་དང་རྡོ་ཁོག ན་མདའ། འཛམ་ཐང་སྟོད་མ་བཅས་ས་ཁོངས་བཞི་རུ་ཕྱེས་ནས་རླངས་འཁོར་བསྐོར་ཡིག་གི་གསོ་སྦྱོང་ཐེངས་3སྤེལ་བ་དང་འཛིན་གྲྭ33བཙུགས་ཏེ། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ12ཀྱི་ཞིང་འབྲོག་མང་ཚོགས5000ལ་ཕན་པ་ཆེན་པོ་ཐོབ། ད་ལོའི་བར་རོང་འབྲོག་མང་ཚོགས2000ཀྱིས་རྒྱ་བོད་སྐད་གཉིས་ཀྱིས་རླངས་འཁོར་བསྐོར་ཡིག་གི་གཞུང་ལུགས་ཀྱི་རྒྱུགས་འཕྲོད་ཡོད་པ་དང་། དེའི་ནང་ནས་མི1203གྱིས་བདེ་བླག་ངང་རླངས་འཁོར་བསྐོར་ཡིག་ལོན་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།