མཛོད་དགེའི་ལས་འཁྱུར་ངལ་གསོ་བྱས་པའི་རྒན་པ་ཚོས་ལོ་གསར་བ་བསུས།

7b583b0d-cf89-4481-a67c-15d5602d386a.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ་བསོད་ནམས་སྐྱིད། )ཟླ12པའི་ཚེས30ཉིན། མཛོད་དགེ་རྫོང་གི་ཏུའུ་ཅང་ཡན་དུ་བཅའ་སྡོད་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་དོ་དམ་ཞབས་ཞུ་སུའོ་ཡིས2019ལོའི་ལས་དོན་ཕྱོགས་སྡོམ་ཚོགས་འདུ་དང་གནམ་ལོ་གསར་ཚེས་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ། ཏུའུ་ཅང་ཡན་ས་ཁུལ་དུ་བཅའ་སྡོད་ལས་བྲལ་ལས་འཁྱུར་ངལ་གསོ་བྱེད་མཁན240ལྷག་མཉམ་དུ་འཛོམས་ནས་ལོ་རྙིང་བ་ཕར་སྐྱེལ་བ་དང་ལོ་གསར་བ་ཚུར་བསུས་བྱུང་།

a381e7d8-afea-4f57-83d7-7fe734ac6ed9.jpg

བྱེད་སྒོའི་ཐོག་རྫོང་ཨུའི་འབྲེལ་ཡོད་འགོ་ཁྲིད་ཀྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་འདུར་ཕེབས་པའི་ལས་བྱེད་པ་རྒན་གྲས་ཚོར་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་། ལྷན་རྒྱས་ནད་མེད་ཚེ་རིང་དང་འཚོ་བ་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས་པ་དང་ཆབས་ཅིག ཚང་མས་དུས་ཡུན་རིང་པོའི་ནང་མཛོད་དགེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པ་རེད།

d9b81c27-33a8-4c16-a389-ffd23e3e1497.jpg

སྐོར་བྲོ་འཁྲབ་པ་དང་གླུ་ལེན་པ། གབ་ཚིག་བཤད་པ་སོགས་སྤྲོ་སྣང་ལྡན་པའི་རོལ་རྩེད་ཀྱིས་བྱེད་སྒོ་སྤེལ་ཡུལ་དུ་དགའ་སྤྲོའི་རྣམ་པས་ཁེངས་ཡོད།

ད་ཐེངས་ཀྱི་བྱེད་སྒོས་ལས་བྱེད་པ་རྒན་གྲས་ཚོའི་ཆབ་སྲིད་ཐད་ཀྱི་གཟི་བརྗིད་ཚོར་སེམས་ཆེ་རུ་ཕྱིན་པ་དང་། རྩ་འཛུགས་ཐད་ཀྱི་གཏོགས་སེམས་དང་འཚོ་བའི་ཐད་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་ཕྱིན་པ། ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་རུ་ཕྱིན་པས། ལས་བྱེད་པ་རྒན་གྲས་ཚོའི་ཡོངས་ཁྱབ་ཀྱི་བསྔགས་བརྗོད་ཐོབ་ཡོད་དོ། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།