2019ལོའི་རྔ་བ་ཁུལ་གྱི་ཐེངས་དང་པོའི་རིག་གཞུང་འཛིན་གྲྭ་དང་དར་གཞོན་ལས་བྱེད་པའི་འཛིན་གྲྭ་གྲོལ་བའི་མཛད་སྒོ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་རྔ་བ་ཁུལ་གྱི་ཐེངས་དང་བོའི་རིགས་གཞུང་འཛིན་གྲྭ་དང་དར་གཞོན་ལས་བྱེད་པའི་འཛིན་གྲྭ་གྲོལ་བའི་མཛད་སྒོ་འབར་ཁམས་སུ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་འཛིན་གྲྭ་གྲོལ་བའི་མཛད་སྒོར་ཕེབས་ནས་གསུང་བཤད་གནང་། ཁོང་གིས་གསུང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། འགྱུར་བ་མེད་པའི་ཡིད་ཆེས་དང་ཕུན་སུམ་ཚོགས་པའི་ཤེས་བྱ། ཉམས་སད་ཐེག་ཐུབ་པའི་འཇོན་ཐང་བཅས་ལ་བརྟེན་ནས། ལོ་རྒྱུས་ཀྱི་འགན་འཁྲི་ཁུར་བ་དང་། རྔ་བ་ཁུལ་གྱི་ལས་སྐྲུན་ཐེངས་གསུམ་པར་ཧུར་ཐག་གིས་ཞུགས་པ་བརྒྱུད། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་སྐྲུན་རིམ་ཇེ་མགྱོགས་སུ་གཏོང་བར་བློ་རིག་དང་ནུས་ཤུགས་འབུལ་དགོས།

འཛིན་གྲྭའི་ཨུ་ཡོན་གྱི་འཐུས་མི་དང་སློབ་མའི་འཐུས་མིས་སྐད་ཆ་བཤད་པར་གསན་རྗེས། ལིའུ་ཕིང་གིས་གསུང་དོན། ཟླ་གཉིས་རིང་གཅིག་བསྡུས་ཀྱིས་སློབ་སྦྱོང་ལེགས་པོ་བྱས་པ་དང་ཟླ་གསུམ་རིང་ལག་ལེན་སྦྱོང་བརྡར་བྱས་པ་བརྒྱུད། སློབ་མ་རྣམས་ལ་གཞུང་ལུགས་ཐད་གྲུབ་འབྲས་གསར་བ་ཐོབ་པ་དང་བསམ་བློའི་ཐད་ཡར་རྒྱས་གསར་བ་བྱུང་བ། ནུས་པའི་ཐད་མཐོར་འདེགས་གསར་བ་བྱུང་བ། ཀུན་སྤྱོད་ཐད་འགྱུར་ལྡོག་གསར་བ་བྱུང་བས། སྔོན་བཀོད་ཀྱི་ཕན་འབྲས་ཐོན་ཡོད། སྤྱིའི་ཆ་ནས་བཤད་ན། ཐེངས་དང་བོའི་སྦྱོང་བརྡར་འཛིན་གྲྭ་ལས་ཁྱད་ཆོས་མངོན་པ་དང་ཆུ་ཚད་ཇེ་མཐོར་ཕྱིན་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།