དཀར་མཛེས་ཁུལ་ཨུའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་དར་མདོར་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12པའི་ཚེས26ཉིན། ཁུལ་ཨུའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་དར་མདོར་འཚོགས་པ་རེད། གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་སྙིང་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་གཏོང་བ་དང་། ད་ལོའི་དཔལ་འབྱོར་ལས་ཀར་ཕྱོགས་བསྡོམས་བྱེད་པ། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱེད་པ། སང་ལོའི་དཔལ་འབྱོར་ལས་ཀ་ཐབས་ཇུས་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་ནང་ཕེབས་ནས་གསུང་བཤད་གནང་བ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་གྲོས་ཚོགས་ཀྱི་གཙོ་སྐྱོང་གནང་བ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་གྲོས་ཚོགས་ནང་ཞུགས་ཡོད་པ་རེད།

ལིའུ་ཁྲེང་མིང་གིས་གསུང་བཤད་ནང་བསྟན་དོན། ད་ལོ་ནས་བཟུང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་འགྱུར་མེད་སྟོབས་ལྡན་གྱིས་འགོ་ཁྲིད་གནང་འོག  ཁུལ་ཨུས་ཀྲུང་དབྱང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་བསམ་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བླང་བྱ་སྲ་བརྟན་དུ་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་གྱིས་གཙོ་བོར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ས་ཁུལ་ལ་གནས་ཏེ་ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་ནས་ཁུལ་ཨུའི་སྤྱི་ཡོངས་ཀྱི་ལས་ཀའི་བཀོད་པར་དམིགས་ཏེ་ཐབས་ཇུས་ཆེན་པོ་དྲུག་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། གསུམ་གཏོད་མཉམ་འགུལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ། གྲོང་གསེབ་དར་སྤེལ་་སྐས་རིམ་ལྟར་སྐུལ་འདེད་གཏོང་བ། སྤྱི་ཚོགས་བརྟན་བརླིང་དང་སྐྱེ་ཁམས་ཁོར་ཡུག་གི་མཐའ་ཚད་གཉིས་དམ་པོར་སྲུང་བ། དབུལ་ཐར་འགག་སྒྲོལ་གནད་ལ་སྨིན་པ་བྱེད་པ་དང་དམངས་འཚོ་ལེགས་བཅོས་འགན་སྲུང་བྱ་རྒྱུ་གཉིས་ལ་ཤུགས་སྣོན་བྱེད་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་དྲག་གཏོང་བ་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གཉིས་ཇེ་དྲག་གཏོང་བ་བཅས་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་ཡོངས་བརྟན་པོ་དང་བརྟན་ཐོག་མགྱོགས་པོ། བརྟན་ཐོག་ཡར་འཕེལ་བཅས་ཀྱི་ཁྱད་ཆོས་དང་གནས་ཚུལ་མངོན་པ་རེད།

ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་མ་སྐུལ་དང་བླངས་ཀྱིས་གནས་བབ་གསར་པ་དང་ལས་འགན་གསར་པར་འཚམ་པ་བྱས་ནས་བསམ་བློ་དེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་གནས་བབ་དབྱེ་ཞིབ་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། གནས་བབ་བཟང་པོ་ཇེ་མཐོར་གཏོང་བའི་ཁྲོད་ངེས་ཤུགས་སྲུང་འཛིན་བྱེད་པ། འགྲན་སློང་ལ་ཁ་གཏད་འཇལ་བའི་ཁྲོད་དུ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དངོས་གཉེར་བྱེད་པའི་ཁྲོད་དུ་དཀའ་ངལ་སེལ་བ། འཕེལ་རྒྱས་ཁྲོད་དུ་གནད་དོན་ཐག་གཅོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་བརྒྱུད་ནས་བློ་བརྟན་འགྱུར་མེད་ངང་མདུན་དུ་སྐྱོད་དགོས།

ལིའུ་ཁྲེང་མིང་གིས་བསྟན་དོན། 2020 ལོ་ནི་ཁུལ་བཙུགས་ནས་ལོ 70 འཁོར་བའི་ལོ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཐུབ་རྒྱུའི་ལོ་ཡིན་ལ།  ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བསྡུ་བའི་ལོ་ཡང་རེད།  ལོ་བརྒྱ་ཅན་དང་པོའི་འབད་འཐབ་དམིགས་ཡུལ་མངོན་འགྱུར་བྱས་ནས་རྒྱལ་ཁ་ཕུ་ཐག་ཆོད་པའི་ལོ་ཞིག་ཀྱང་ཡིན་པ་རེད། རང་ཁུལ་གྱིས་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འགོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལོ་ཡིན་ལ།  བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་འཇོན་ནུས་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པར་བརྟེན།  དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱས་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས།  གཞི་རྩའི་ཐབས་ཇུས་བཅས་ལག་ལེན་མཐར་ཕྱིན་བྱས་ནས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་།   གདེང་ཚོད་བཞི་བརྟན་པོར་འཆང་བ། སྲུང་སྐྱོང་གཉིས་བྱེད་ཐུབ་པ་བཅས་བྱས་ནས་སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱ་རྒྱུའི་ཚད་དཔོག་ལ་དམིགས་པ་དང་ཆབས་ཅིག  ཁུལ་ཨུའི་སྤྱི་ཡོངས་ཀྱི་ལས་དོན་ཆགས་ཚུལ་ལ་དམ་པོར་དམིགས་ནས་གསུམ་འཛུགས་མཉམ་འགུལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།  ཡུལ་ཤོག་དང་གྲོང་གསེབ་དར་རྒྱས་སྐས་རིམ་བཞིན་དུ་སྐུལ་འདེད་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཡོང་འབབ་འཕར་སྣོན་བརྟན་པོ་དང་བསྒྱུར་བཅོས་ལ་སྐུལ་འདེད་དང་གྲུབ་ཆ་ལེགས་སྒྲིག  དམངས་འཚོར་ཕན་པ།  ཉེན་ཁར་སྔོན་འགོག  བརྟན་བརླིང་འགན་སྲུང་བྱ་རྒྱུ་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཐུབ་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ཕུན་སུམ་ཚོགས་པའི་ངང་ནས་མཇུག་འགྲིལ་རྒྱུར་འགན་ལེན་བྱ་དགོས།

ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པས་སྤྱི་འདོམས་བྱ་དགོས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་བླང་བྱ་ལག་ལེན་དང་དོན་འཁྱོལ་ནན་ཏིག་བྱེད་ཅིང་། ཆ་མི་སྙོམས་པ་དང་གང་ལེགས་མིན་པའི་གནད་དོན་སྣ་ཚོགས་ཐག་གཅོད་བྱ་རྒྱུའི་ཐོག་བློ་རྩེ་གཅིག་ཏུ་སྒྲིམ་ཞིང་། རྒྱལ་ཁབ་དང་ཞིང་ཆེན་གྱི་སྤྱི་ཁོག་སྲིད་ཇུས་བླང་ཕྱོགས་ལ་འབྲེལ་མཐུད་སྨིན་ལ་སྨིན་པ་བྱ་རྒྱུ་དང་། དམིགས་འབེན་གནད་དོན་གྱི་མཇུག་འབྲས་ཁྲིད་ཕྱོགས་མངོན་གསལ་བྱ་རྒྱུ། སྐྱེ་ཁམས་དམིགས་སུ་བཀར་ནས་ལྗང་མདོག་འཕེལ་རྒྱས་གཏོང་སྲོལ་གཏོད་པ། མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་འཆང་བ། དངོས་འཛིན་དངོས་སྒྲུབ་དང་འབད་བརྩོན་ལྷོད་མེད་བྱ་རྒྱུ་རྒྱུན་འཁྱོངས། ཧུར་བརྩོན་གྲོན་ཆུང་གིས་བྱ་གཞག་སྒྲུབ་སྲོལ་གཏོད་པ་བཅས་ཀྱི་ལས་ཀའི་རྩ་དོན་ཁོང་དུ་ཡང་དག་པར་ཆུད་པར་བྱས་ནས། ཁ་ཚ་དགོས་གཏུག་དང་འགན་འཁྲིའི་འདུ་ཤེས་འཆང་ཤུགས་དེ་བས་ཆེ་རུ་གཏོང་བ་དང་། མཐུན་རྐྱེན་འདོན་སྤེལ་དང་གོ་སྐབས་མྱུར་འཕྲོག རང་ལ་གནོན་ཤུགས་བསྣན་ཞིང་གཏིང་ཤུགས་ཡོད་ཚད་སྤྱད་དེ། སྔོ་ལྗང་རི་ཀླུང་དང་ཆུ་ཀླུང་གསེར་རི་དངུལ་རིར་བསྒྱུར་བའི་དཀར་མཛེས་ཁུལ་གྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱ་དགོས།

ལིའུ་ཁྲེང་མིང་གིས་ཐུགས་རེ་གནང་དོན། ཞིང་ཆེན་ཏང་ཨུའི་ལོ་གཅིག་རིང་གི་དཔལ་འབྱོར་ལས་ཀའི་མངོན་གསལ་གྲུབ་འབྲས་དང་གནས་བབ་བརྡ་ཤ་གཅོད་ཚུལ་གནད་འཁེལ་དམ་འཛིན་བྱས་ནས། དུས་མཉམ་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཡོང་བར་ཡིད་ཆེས་དང་ཆོད་སེམས་བརྟན་པོ་བྱ་དགོས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ལས་ཀ་གོ་སྐབས་གལ་ཆེན་དང་ཕན་ཡོད་ཆ་རྐྱེན་དང་འཕྲད་པར་གནད་འཁེལ་དམ་འཛིན་བྱས་ནས། བསྡུར་དཔྱད་དགེ་མཚན་འདོན་སྤེལ་བྱས་ཏེ་དཀར་མཛེས་ཁུལ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ལས་ཀའི་སྤྱིའི་བླང་བྱ་དང་། དམིགས་ཡུལ་གྱི་ལས་འགན་དང་རྩ་དོན་གལ་ཆེན་གནད་འཁེལ་དམ་འཛིན་བྱས་ནས། དཀར་མཛེས་ཁུལ་གྱི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས། ཞིང་ཆེན་ཏང་ཨུའི་སང་ལོའི་དཔལ་འབྱོར་ལས་ཀའི་འགན་འཁྲི་གལ་ཆེན་གནད་འཁེལ་དམ་འཛིན་བྱས་ནས།བློ་བརྟན་འགྱུར་མེད་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་དཀོད་སྒྲིག་ལ་སྐུལ་འདེད་བཏང་སྟེ་དཀར་མཛེས་ཁུལ་དུ་དོན་འཁྱོལ་དང་ཕན་འབྲས་ཐོབ་པར་བྱ་དགོས། ཏང་གིས་དཔལ་འབྱོར་ལས་ཀར་འགོ་ཁྲིད་བྱེད་པའི་གལ་ཆེའི་བླང་བྱར་གནད་འཁེལ་དམ་འཛིན་བྱས་ནས། ཏང་གིས་དཔལ་འབྱོར་ལས་ཀར་འགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་དགེ་མཚན་དེ་བཅོས་སྐྱོང་གི་ཕན་འབྲས་སུ་ཏན་ཏིག་བསྒྱུར་དགོས།

ལིའུ་ཁྲེང་མིང་གིས་ཐུགས་རེ་གནང་དོན། གཅིག་ནི་འཕར་སྣོན་བརྟན་པོར་ཡོང་བར་དམིགས་ནས་འཕེལ་རྒྱས་ཀྱི་གཏིང་ཤུགས་བསླང་དགོས། ལོ་ལྔའི་འཆར་གཞི་བཅུ་བཞི་པ་སྒྲིག་བཟོ་བྱེད་པའི་ལས་དོན་དམ་འཛིན་ཡག་པོ་བྱ་དགོས་ཤིང་། ལས་གཞི་མ་འཇོག་གིས་དཔལ་འབྱོར་སྐུལ་འཐེན་བྱེད་པ་དམ་འཛིན་བྱས་ཏེ་འཛད་སྤྱོད་ཀྱི་སྤུས་རིམ་སྤར་བར་སྐུལ་འདེད་གཏང་དགོས། གཉིས་ནི་ཐོན་ལས་ཆགས་ཚུལ་ལེགས་སྒྲིག་བྱ་རྒྱུར་དམིགས་ནས་ཐོན་ལས་ཚུལ་བསྒྱུར་རིམ་སྤར་མགྱོགས་སུ་བྱ་དགོས།“སྐོར་ལམ་གསུམ་དང་དར་ཁུལ་གཅིག་འདམ་ར་གཉིས་”ཀྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཐོན་ལས་ཆགས་ཚུལ་དང་། “སྐོར་ལམ་གཅིག་དང་རྒྱུད་གཅིག་ཁྱམས་ལམ་གཅིག”གི་དེང་རབས་ཞིང་ལས་ཆགས་ཚུལ་དང་། “གཅིག་ཐོག་དྲུག་བསྣན་པ”ཡི་དེང་རབས་ཐོན་ལས་མ་ལག་དང་། རི་མགོར་ཤིང་སྡོང་འཛུགས་པ་དང་རི་རྐེད་ལ་འབྲས་ཤིང་འཛུགས་པ། རི་འདབས་ལ་ལོ་ཏོག་འདེབས་པའི་ལངས་གཟུགས་ཅན་གྱི་སྐྱེ་ཁམས་ཆགས་ཚུལ་བཅས་འཛུགས་སྐྱོང་ཤུགས་ཆེ་རུ་གཏང་དགོས། གསུམ་ནི་དམངས་འཚོར་ཕན་པར་དམིགས་ནས་མི་དམངས་ཀྱི་བདེ་སྐྱིད་ཇེ་དྲག་ཏུ་གཏང་དགོས།  སྔོན་ཐོན་གྱི་གྲས་སུ་བསླེབ་པར་ནུས་ཤུགས་ཡོད་རྒུ་བཏོན་ནས་གཅིག་བསྡུས་ཀྱིས་མཐའ་མའི་གདོང་མཆོང་འགག་སྒྲོལ་བྱེད་ཅིང་། ཕྱོགས་བསྡོམས་དང་དྲིལ་བསྒྲགས་ཡག་པོ་བྱས་ནས་ཡུན་ཕན་ནང་སྲོལ་འཛུགས་དགོས། བཞི་ནི་རྨང་གཞི་བརྟན་པོར་བཟོ་བར་དམིགས་ནས་ས་ཁོངས་འཕེལ་རྒྱས་གཏོང་བར་ཤུགས་ཆེན་བརྒྱག་དགོས། ཁྱད་ཆོས་ལྡན་པའི་གྲོང་རྡལ་མ་ལག་འཛུགས་སྐྱོང་བྱ་དགོས་པ་དང་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་དམ་འཛིན་བྱེད་ཅིང་། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་། རྨང་གཞི་སྒྲིག་བཀོད་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏང་དགོས། ལྔ་ནི་བཅོས་བསྒྱུར་ལ་སྐུལ་སྤེལ་གཏོང་བར་དམིགས་ནས་གསར་སྐྲུན་འཕེལ་རྒྱས་ཀྱི་གསོན་ཤུགས་བསླང་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་ཟབ་སྤེལ་གཏང་དགོས་ཤིང་། བཅོས་སྐྱོང་ལམ་ལུགས་གསར་གཏོད་བྱ་རྒྱུ་ནན་འཛིན་བྱེད་ཅིང་། སྒོ་འབྱེད་མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་གཏང་དགོས། དྲུག་ནི་ཉེན་ཁ་སྔོན་འགོག་བྱ་རྒྱུར་དམིགས་ནས་བདེ་འཇགས་སྔོན་འགོག་ཚོད་འཛིན་གྱི་སྲུང་ཡོལ་བརྟན་པོར་བཟོ་དགོས། ནུས་ཤུགས་ཡོད་དགུས་དངུལ་རྩའི་ཉེན་ཁ་སྔོན་འགོག་བྱ་དགོས་པ་དང་། ཁྲོམ་རའི་ཉེན་ཁ་འགོག་ཤུགས་ཆེ་རུ་གཏོང་བ་དང་། ཐོན་སྐྱེད་ཉེན་མེད་བྱེད་ཤུགས་ཆེ་རུ་གཏང་དགོས། བདུན་ནི་བརྟན་བརླིང་སྲུང་སྐྱོང་བྱ་རྒྱུར་དམིགས་ནས་ཁྲིམས་ལྟར་ཁུལ་སྐྱོང་བའི་འཐབ་ཇུས་ལག་ལེན་དངོས་སུ་བྱ་དགོས།

ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། རིམ་ཁག་དང་སྡེ་ཁག་གིས“འདུ་ཤེས་བཞི”འཆང་བ་དང་། “གདེང་ཚོད་བཞི”བློ་རྩ་བརྟན་པོར་བྱེད་པ།“སྲུང་སྐྱོང་གཉིས”བྱེད་ཐུབ་པའི་མཐོ་ཚད་ནས་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏང་དགོས་ཤིང་། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་མཐུན་རྐྱེན་བཟང་པོ་དེ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་དགོས། གཅིག་ནི་འགོ་ཁྲིད་ནང་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་དོན་གྱི་འགན་འཁྲི་དོན་ཐོག་འཁྱོལ་བར་མཐོང་ཆེན་བྱེད་ཅིང་། ཕྱོགས་སོ་སོའི་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་དཔེ་སྟོན་དང་སྣེ་ཁྲིད། སྐུལ་ཁྲིད་བཅས་བྱ་དགོས། གཉིས་ནི་ཁ་ཡོད་ལག་ཡོད་ཀྱི་འཇོན་ནུས་ཆེ་རུ་གཏོང་ཞིང་དཔལ་འབྱོར་ལས་དོན་ལ་མཐོང་ཆེན་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། དཔལ་འབྱོར་ལས་དོན་སྒྲུབ་ཤེས་པའི་ནུས་པ་ཇེ་ཆེར་གཏོང་ཞིང་། དཔལ་འབྱོར་ལས་དོན་དམ་འཛིན་བྱེད་པའི་དཔུང་སྡེ་སྐྱེད་སྲིང་བྱ་དགོས། གསུམ་ནི་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་འགྱུར་གཏོང་བ་དང་། སྲིད་ཇུས་དོན་ཐོག་འཁྱོལ་བ་དང་ཕན་འབྲས་རྗེས་འདྲི་བྱེད་པ། ལས་ཀའི་སྤྱོད་ཚུལ་བསྒྱུར་བ་བཅས་མངོན་གསལ་ཡོང་བ་བྱ་དགོས། བཞི་ནི་དངོས་སྒྲུབ་ཀྱི་ཁྲིད་ཕྱོགས་ལ་དང་དོད་བྱེད་ཅིང་། འགན་འཁྲི་འཁུར་བའི་འདུ་ཤེས་འཆང་བ་དང་། འཁྲུལ་འཐུས་འཁྲུལ་བསྲང་བྱ་རྒྱུ་རྒྱུན་འཁྱོངས་ཤིང་། དྲང་ཕྱོགས་ནས་བརྩོན་བསྐུལ་བྱ་རྒྱུར་དོ་སྣང་བྱ་དགོས།

ལིའུ་ཁྲེང་མིང་གིས་རིམ་ཁག་དང་སྡེ་ཁག་གིས་འགོ་ཚུགས་པ་ནི་མཐའ་མའི་གདོང་མཆོང་ཡིན་པ་དང་། འགོ་འཛུགས་པ་ནི་འགག་སྒྲོལ་ཡིན་པའི་བསམ་བློ་བརྟན་པོར་བཅངས་ཏེ། འཆར་གཞི་སྔོན་ཚུད་དང་བཀོད་སྒྲིག་སྔོན་ཚུད། དོན་འཁྱོལ་སྔོན་ཚུད་བཅས་བྱེད་པ་དང་། དཔྱིད་དུས་དཔལ་འབྱོར་ལས་དོན་དེ་མ་ཐག་སྤེལ་ནས། དཔལ་འབྱོར་ལས་དོན་གྱི་འགོ་ཡག་མོ་ཞིག་ཚུགས་དགོས་པ་དང་། ལས་དོན་ཁག་གི་ལས་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་ཁག་ཐེག་མཐའ་གཅིག་ཏུ་བྱ་དགོས་པའི་ཐུགས་རེ་གནང་བ་རེད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།