ཁྲོན་བོད་གཞུང་ལམ་ཤར་གཏོང་བྱས་ནས་ལོ་ངོ་65འཁོར་བ།

F201912251338163856700488.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས24ཉིན། སྐལ་བཟང་མེ་ཏོག་ལམ་བུ་ཡོངས་སུ་བཞད། ཁྲོན་བོད་གཞུང་ལམ་ཤར་གཏོང་བྱས་ནས་ལོ་ངོ་65འཁོར་སྐབས་སུ་བྲིས་པ། 

F201912251338232086700489.jpg   

ཞོགས་པའི་ཆུ་ཚོད8པའི་ཐོག སི་ཁྲོན་དར་རྩེ་མདོ་རུ་ཁྲེན་ཏུའུ་ནས་ཡོང་བའི་རྐང་འཁོར་རུ་ཁག་ཅིག་ཞོགས་པའི་ཉི་ཟེར་ཁྲོད་རྒྱད་ལ་རི་བོའི་ཕྱོགས་སུ་བསྐྱོད། སྤྱི་ལེ160ཡིས་ཆོད་སའི་ཉག་ཆུ་རྫོང་སྤྱང་ཀི་གྲོང་ཚོའི་བོད་ཀྱི་ཨ་ཁུ་བུ་འབྲུག་གྲགས་ཀྱིས་ཚ་ལམ་ལམ་གྱི་ཇ་སྲུབས་མ་སྐུ་མགྲོན་གྱི་ཕོར་བའི་ནང་ལྡུག་བཞིན་ཡོད། 

F201912251337529816700487.jpg

སྤྱི་ལེ900ཡི་ཕ་རོལ་གྱི་བོད་ལྗོངས་དཔའ་ཤོད་རྫོང་གི་ལས་རེས་མི་སྣས་ཞིབ་ཚགས་ཀྱིས་རླུང་འགོག་ཤེལ་སྒོའི་ངོས་ཀྱི་ཁ་བ་གཙང་ཕྱིས་བྱས་ནས། སྡོད་ཡུལ་ནས་རླངས་འཁོར་བཏང་སྟེ་ཉིན་གཅིག་གི་གཞུང་ལམ་སྐོར་ཞིབ་དང་སྲུང་སྐྱོང་ལས་ཀ་འགོ་བརྩམས་སོང་།    ཁྲེན་ཏུའུ་ནས་ལྷ་སའི་བར་སྤྱི་ལེ2000ལྷག་ཡོད་པའི་ཁྲོན་བོད་གཞུང་ལམ་ནི་ཡུལ་སྐོར་བས་ཉེན་མཆོང་གི་ལམ་བུ་ཞིག་དང་། མེས་རྒྱལ་ནང་ཁུལ་གྱིས་གངས་ལྗོངས་མཐོ་སྒང་ལ་བར་ཆད་མེད་པར་“ཁྲག་འདོན་”པའི་འཕེལ་རྒྱས་ཀྱི་ལམ་བུ། མི་རབས་རེ་རེའི་ལམ་བཟོ་བ་དང་ལམ་སྲུང་བའི་སྙིང་སྟོབས་རྒྱུད་འཛིན་གྱི་ལམ་བུ་དེའང་རེད། ལོ་ངོ65ཡི་རིང་། མི་རབས་རེ་རེའི་ཁྲོན་བོད་གཞུང་ལམ་གྱི་ལས་བྱེད་མི་སྣ་དང་ལམ་འགྲམ་གྱི་མང་ཚོགས་ཀྱིས་སྐྱེས་འབུལ་དང་། བློས་གཏོང་། སེམས་བཟང་། བབ་ཆགས་བཅས་ཀྱི་སེམས་པས་ལམ་བུ་འདིའི་ཐོག་ཏུ་ངོ་མཚར་གྱི་གཏམ་རྒྱུད་རེ་རེ་འབྲི་བཞིན་ཡོད། །

F201912251338308516700490.jpg

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།