བོད་ཁུལ་གྱི་རྫོང་ཁག་གཉིས་ཀྱིས་ས་ཞིང་ནང་དུ་དབུལ་ཐར་བྱེད་སྟངས་འཚོལ་ཞིབ་བྱེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རོང་བྲག་རྫོང་གིས་ས་ཞིང་ལེགས་སྒྲིག་བྱ་རྒྱུ་དེ་ས་གཤིས་གནོད་འཚེ་འགོག་བཅོས་བྱེད་པ་དང་འབྲེལ་ནས་ས་གཤིས་གནོད་འཚེའི་དངོས་མང་བཤམས་མཛོད་ཁང་གི་དབུལ་ཞྭ་ཕུད།

ལོ་མཇུག་ཏུ་བོད་ཕག120བཤས་ཚོང་དུ་བཏང་ཡོད། ཚང་མ་རི་མཐོ་སར་གསོ་ཚགས་བྱས་པའི་སྤུས་ལེགས་ཕག་ཤ་རེད་ཅེས་སྤྱི་ཟླ12པའི་ཚེས15ཉིན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་ལ་ཡེ་རི་གྲོང་སྡེ་གསུམ་པར་མངགས་པའི་ཧྲུའུ་ཅི་དང་པོ་ཀུའུ་ཧའེ་པིང་གིས་ཁ་པར་བརྒྱབ་ནས་ཚོང་པ་དང་འབྲེལ་བ་བྱེད་བཞིན་འདུག ཁོས་གསར་འགོད་པར་ད་ལོར་སྔོན་དཔག་བྱས་ན་ཡོང་འབབ་སྒོར་ཁྲི36རག་རྒྱུ་རེད་ཅེས་བཤད།

2016ལོར་ལ་ཡེ་རི་གྲོང་སྡེ་གསུམ་པར་ཚད་ལྡན་ཅན་གྱི་ཕག་གསོ་ར་བ་ཞིག་བཙུགས་ཡོད་པ་དེས་གཙོ་བོ་ཕག་ཕྲུ་གསོ་སྤེལ་བྱ་རྒྱུ་ཡིན་ཞིང་། མིག་སྔར་ཕག་པ་བཤས་ཚོང་དུ་གཏོང་ཚད་ཕག20ནས120ཡི་ཐོག་མང་དུ་ཕྱིན་ཡོད། གཞན་ཡང་ལ་ཡེ་རི་གྲོང་སྡེ་གསུམ་པ་ལ་ད་དུང་ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་ལས་གཞི་དང་གཡེར་མ་འདེབས་འཛུགས་ལས་གཞི་སོགས་འཕེལ་རྒྱས་བཏང་བས་མ་ཚད་གྲོང་མིས་ཁང་པའི་མདུན་རྒྱབ་ཀུན་ཏུ་རི་མཐོའི་སྔོ་ཚལ་བཏབ་ནས་ཡོད་པ་རེད།

འགྱུར་ལྡོག་དེ་ནི་སྔོན་ཆད་ཞིང་ཆེན་རྒྱལ་ས་ཐོན་ཁུངས་ཐིང་གིས2015ལོ་ནས་བཟུང་རོགས་སྐྱོར་བྱེད་འགོ་བཙུགས་ནས་བྱུང་བ་ཞིག་རེད།

ལ་ཡེ་རི་གྲོང་སྡེ་གསུམ་པ་ནི་དཔེ་མཚོན་བྱེད་ཆོག་པའི་ས་མཐོའི་གྲོང་སྡེ་ཞིག་ཡིན་ཞིང་།ཐད་ཀའི་མཐོ་ཚད་སྨི1000ལས་བརྒལ་བ་དང་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཚབས་ཆེན་ཡོད་པས་དེ་སྔ་དྲག་ཆར་བབས་མ་ཐག་རི་ཉིལ་བ་རེད་ཅེས་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་མའོ་ཝུན་པིང་གིས་དེ་ལྟར་ངོ་སྤྲོད་བྱས་པ་རེད།

2016ལོར་སྔོན་ཆད་ཞིང་ཆེན་རྒྱལ་ས་ཐོན་ཁུངས་ཐིང་གིས་གྲོང་སྡེར་ཤར་གཏོང་ཐུབ་པའི་གཞུང་ལམ་ལས་གཞི་ཆ་ཚང་སྤེལ་ནས་ལ་ཡེ་རི་གྲོང་སྡེ་གསུམ་པའི་ལ་ཟུར་གྱི་ས་གཤིས་གནོད་འཚེ་བཅོས་སྒྲིག་བྱས་པ་དང་། སྤྱི་ལེ16ཙམ་གྱི་རི་ངོས་གཞུང་ལམ་ཐོག་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན12ཙམ་བཅོས་སྒྲིག་བྱས་པ་རེད། ད་ལོའི་ཟླ་བ6པའི་ཟླ་མཇུག་ཏུ་རོང་བྲག་ཏུ་དྲག་ཆར་གྱི་གནོད་འཚེ་ཕོག་པར་བཅོས་སྒྲིག་བྱས་རྗེས་ལ་ཡེ་རི་བོའི་ཡུག་ཁུལ་དུ་ས་གཤིས་ཀྱི་གནོད་འཚེ་གཅིག་ཀྱང་བྱུང་མེད་པ་རེད།

སྤྲོ་སྣང་ཡུལ་ཤོག་རྒྱས་ཁར་ཡུལ་གྲོང་སྡེའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་སྐལ་བཟང་གིས་རོང་བྲག་ལ་ས་གཤིས་གནོད་འཚེའི་དངོས་མང་བཤམས་མཛོད་ཁང་ཞེས་འབོད་ཀྱི་ཡོད་པ་འདི་ནི་ཡུལ་སྐོར་རྫོང་ཆེན་ཞིག་ཀྱང་རེད། 2016ལོར་སྔོན་ཆད་ཞིང་ཆེན་རྒྱལ་ས་ཐོན་ཁུངས་ཐིང་གིས་མ་དངུལ་སྒོར་ཁྲི3700ཙམ་བཏང་ནས་སྤྲོ་སྣང་ཡུལ་ཤོག་གི་ཆུ་ཕྲན་འབབ་རྒྱུད་དུ་ས་གཤིས་གནོད་འཚེ་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭའི་ལས་གཞི་ལག་ལེན་བྱས་པ་རེད། མངོན་མེད་རྐྱེན་ངན་སེལ་རྗེས་ང་ཚོ་སྡོད་ན་བློ་བདེ་བ་དང་ཡུལ་སྐོར་བ་འཁྱམ་ས་འོངས་ན་ཡང་བློ་བདེ་པོ་འདུག་ཅེས་བཤད་པ་རེད།

2014ལོ་ནས་བཟུང་སྔོན་ཆད་ཞིང་ཆེན་རྒྱལ་ས་ཐོན་ཁུངས་ཐིང་གིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར3.52བཏང་ནས་ས་གཤིས་གནོད་འཚེའི་ཉེན་ཁ་ཡོད་པའི་ས་ཁུལ་དུ་གནས་པའི་མང་ཚོགས་དུད་ཚང703ལ་ཉེན་གཡོལ་གནས་སྤོ་བྱ་ཡུལ་བཀོད་སྒྲིག་བྱས་པ་དང་། མང་ཚོགས་ལ་འཇིགས་སྐུལ་ཆེ་བ་དང་ཉེན་ཁའི་རང་བཞིན་ཆེ་བའི་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན30ལ་ལས་གྲྭ་བཅོས་སྒྲིག་བྱས་པ། ས་གནས་དེ་གའི་དབུལ་ཐར་འགག་སྒྲོལ་ལ་ས་གཤིས་ཉེན་མེད་ཀྱི་འགན་སྲུང་བརྟན་པོ་བྱས་པ་རེད།

གལ་སྲིད་ས་གཤིས་གནོད་འཚེ་བཅོས་སྒྲིག་ལས་གཞིས་གྲོང་ཚོ་དབུལ་ཕོངས་ལ་ཉེན་མེད་ཀྱི་མཁར་རྫོང་བསྐྲུན་པ་དང་ས་ཆ་ལེགས་སྒྲིག་བྱེད་པའི་ལས་གཞིས་རོང་བྲག་གི་ཐོན་ལས་འཕེལ་རྒྱས་ཡོང་བར་རྨང་གཞི་བཏིང་ཡོད་ཅེས་བཤད་པ་རེད། 2016ལོར་སྔོན་ཆད་ཞིང་ཆེན་རྒྱལ་ས་ཐོན་ཁུངས་ཐིང་གིས་མ་དངུལ་སྒོར་ཁྲི2000ཙམ་བཏང་ནས་རི་ལུང་ཡུལ་ཤོག་གི་གྲོང་སྡེ22ལ་ས་ཆ་ལེགས་སྒྲིག་བྱེད་པའི་ལས་གཞི་སྤེལ་ནས་ས་ཞིང་མུའུ8400ལྷག་ལེགས་སྒྲིག་བྱས་པ་རེད།

ཡུག་སྦྲེལ་གསར་སྦོལ་བྱས་པར་བརྒྱུད། ཞིང་ལས་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་བཅོས་བྱས་ཏེ་ཐོན་ལས་ཅན་དུ་འགྱུར་བའི་འཕེལ་རྒྱས་འགྲོ་བར་རྨང་གཞི་ཡག་པོ་བཏིང་ཡོད་ཅིང་། རི་ལུང་ཡུལ་ཤོག་གི་འབྲེལ་ཡོད་འགན་འཁུར་མི་སྣས་ངེད་ཡུལ་ཤོག་གི་ས་མཐོའི་རི་སྐེད་ས་ཁུལ་དུ་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འབྲས་ཤིང་འདེབས་འཛུགས་བྱེད་པར་སྐུལ་འདེད་བཏང་ནས་ཤིང་འབྲས་སྐམ་པོ་དང་། ཁྱད་ཆོས་ལྡན་པའི་ཤིང་འབྲས། ནགས་ཁྲོད་ཐོན་རྫས་སོགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རི་འདབས་ཀྱི་གནམ་གཤིས་དང་འཚམ་པའི་རོང་ཁུལ་དུ་འབྲུ་རིགས་ལོ་ཏོག་འདེབས་འཛུགས་འཕེལ་རྒྱས་བཏང་ཡོད། སྒོ་ལུང་ཡུལ་ཤོག་བླ་མ་དགོན་གྲོང་སྡེ་གཉིས་པའི་གྲོང་མི་ཡོན་ཆང་ནི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་ཡིན་པ་དང་ད་ལོར་མོས་ཤ་མོ་མུའུ10ལྷག་བཏབ་པར་ཡོང་འབབ་སྒོར་ཁྲི20ལས་བརྒལ་ཡོད་པ་རེད།

རོང་བྲག་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཅིས་ས་ཞིང་ལེགས་སྒྲིག་དང་ས་གཤིས་གནོད་འཚེ་འགོག་བཅོས་བྱེད་པའི་ལས་གཞི་ལ་ཟུང་འབྲེལ་བྱས་ནས་ཕྱོགས་གཅིག་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པ་བཟོ་བ་དང་ཕྱོགས་གཞན་ཞིག་ནས་དཔལ་འབྱོར་འཕེལ་རྒྱས་ཡོང་བར་མཐུན་རྐྱེན་བསྐྲུན་དགོས་ཞེས་བཤད་པ་རེད།

དཀར་མཛེས་རྫོང་གིས་ས་ཞིང་ཐོན་ཁུངས་སུ་བསྒྱུར་ནས་སྣོན་འཕྲི་ཟུང་འབྲེལ་གྱི་སྤོ་བསྒྱུར་ཡོང་འབབ་སྒོར་དུང་ཕྱུར8ལས་བརྒལ་བ།

ལོ་མཇུག་ཏུ་དཀར་མཛེས་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱི་སྣོན་འཕྲི་ཟུང་འབྲེལ་ལས་འགན་ཁུར་མཁན་ལི་པའོ་བྲེལ་བ་ཧ་ཅང་ཆེ་བཞིན་འདུག ཉེ་ཆར་ཁོ་རང་དཀར་མཛེས་རྫོང་ནས་ཁྲེང་ཏུའུ་ལ་ཕྱིན་ནས་གན་རྒྱ་འཇོག་པའི་མཛད་སྒོ་ཞིག་ཏུ་ཞུགས་རྗེས་དེ་མ་ཐག་ཏུ་ཕྱི་ལོག་ནས་གྲོང་གསེབ་ཀྱི་ལས་གཞིའི་འཕེལ་རིམ་ཐད་ལྟ་ཞིབ་བྱེད་སར་ཕྱིན་པ་རེད།

ཐེངས་འདིའི་གན་རྒྱ་འཇོག་པའི་མཛད་སྒོ་ཐོག་ཁྲེང་ཏུའུ་གྲོང་ཁྱེར་ལུང་ཆོན་དབྱི་ཆུས་སྲིད་གཞུང་གིས་དཀར་མཛེས་རྫོང་སྲིད་གཞུང་དང《འཛུགས་སྐྲུན་བྱེད་ས་སྣོན་འཕྲི་ཟུང་འབྲེལ་བྱེད་པའི་སྲིད་ཇུས་ཟབ་སྤེལ་བཏང་ནས་དབུལ་ཐར་འགག་སྒྲོལ་ལ་རྒྱལ་སྐྱོར་བྱེད་པའི་མཉམ་ལས་གྲོས་མཐུན་ཡི་གེ》བཞག་པ་རེད། གྲོས་གཞི་ལྟར། ལུང་ཆོན་དབྱི་ཆུས་ཀྱིས་དཀར་མཛེས་རྫོང་གི་སྣོན་འཕྲི་ཟུང་འབྲེལ་གྱི་ཚད་གཞི་ལྷག་མ་མུའུ1500ཉོ་སྒྲུབ་བྱེད་པའི་འཆར་གཞི་བཞག་ཡོད། མུའུ་རེའི་རིན་གོང་སྒོར་ཁྲི30ཡི་ཚད་གཞི་ལྟར་བྱས་ནས་རྩིས་ན་ཐོན་སྐྱེད་ཡོང་འབབ་སྒོར་དུང་ཕྱུར4.5རག་ཐུབ་རྒྱུ་རེད། ཡོང་འབབ་དེ་དག་ཡུལ་དེ་གའི་དབུལ་ཐར་འགག་སྒྲོལ་ཐད་སྤྱད་ནས་ཞིང་སྡེའི་ཁྱིམ་གཞིས་གསར་པ་འཛུགས་སྐྲུན་དང་། ཞིང་སྡེའི་སྤྱི་ཕན་སྒྲིག་བཀོད་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དབུལ་སྐྱོར་ཐོན་ལས་ཞབས་ཞུ་བྱེད་པ་སོགས་ཀྱི་ཐད་ལ་སྤྱད་རྒྱུ་རེད་ཅེས་ལི་པའོ་ཡིས་དེ་ལྟར་ངོ་སྤྲོད་བྱས་པ་རེད།

སྣོན་འཕྲི་ཟུང་འབྲེལ་གྱིས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་ནི་རང་བྱུང་ཐོན་ཁུངས་སྲིད་ཇུས་ཀྱི་ཁེ་སྤོགས་ཁྲོད་ཆེས་ཡག་པའི་ལས་གཞི་ཞིག་ཡིན་པ་རེད། 2016ལོར་ཤིན་ཏུ་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་ཚད་གཞི་དེ་ཞིང་ཆེན་ནང་ཁུལ་དུ་སྤོ་བསྒྱུར་བྱེད་ཆོག་རྗེས། 2017ལོའི་ལོ་མཇུག་ཏུ་རྒྱལ་ཁབ་ཀྱིས་ཡང་དུ་ཞིང་ཆེན་བརྒལ་ནས་ས་ཞིང་སྤོ་བསྒྱུར་བྱེད་པའི་ཐད་ཤིན་ཏུ་དབུལ་ཕོངས་ཡིན་པའི་རྫོང་ལ་སྒོ་ཡག་པོ་ཞིག་འབྱེད་ཡོད་པ་རེད།

    སྲིད་ཇུས་ལག་བསྟར་བྱས་པའི་ཕན་འབྲས་ཀྱིས་ཁྲིད་སྟོན་འོག བོད་ཁུལ་དུ་སྣོན་འཕྲི་ཟུང་འབྲེལ་གྱི་ལས་གཞི་ལག་བསྟར་བྱེད་པར་ཧ་ཅང་དགའ་པོ་བྱེད་ཀྱིན་ཡོད་པ་རེད། 2018ལོར་སྔོན་ཆད་ཀྱི་ཞིང་ཆེན་རྒྱལ་ས་ཐོན་ཁུངས་ཐིང་གིས་སྣོན་འཕྲི་ཟུང་འབྲེལ་ཞིང་ཆེན་ལས་བརྒལ་ནས་ས་ཞིང་སྤོ་བསྒྱུར་བྱས་པའི་ཚད་གཞི་མུའུ2.55བརྩོན་ལེན་བྱས་པའི་ནང་གི་སྣོན་འཕྲི་ཟུང་འབྲེལ་བྱས་པའི་ཁང་ས་མུའུ5500དེ་བོད་ཁུལ་དུ་བགོས་ཡོད་པ་རེད། 2019ལོར་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་མུའུ་ཁྲི2.03བརྩོན་ལེན་བྱེད་ཐུབ་པའི་ནང་མུའུ6600བོད་ཁུལ་དུ་བགོས་པ་རེད། སྔོན་དཔག་བྱས་ན་ལོ་གཉིས་རིང་ལ་ཁེ་སྤོགས་ཁྱོན་བསྡོམས་སྒོར་དུང་ཕྱུར36.3རག་ཐུབ་རྒྱུ་རེད།

2018ལོར་དཀར་མཛེས་རྫོང་གིས་ལས་གཞི་བཙུགས་ནས་རྫོང་དེའི་སྣོན་འཕྲི་ཟུང་འབྲེལ་གྱི་ལས་གཞི་དང་པོ་ལག་བསྟར་བྱས་པ་རེད། ལག་བསྟར་བྱ་ཡུལ་འདན་མ་གྲོང་རྡལ་ལྭ་བ་གྲོང་སྡེ་དང་། ཡར་རྩིག་གྲོང་སྡེ། གད་ཐོག་གྲོང་སྡེ་དང་གད་གཉིས་གྲོང་སྡེ་བཅས་འདུས་པ་རེད། དོན་དངོས་དང་ཟུང་འབྲེལ་བྱས་ནས་དཀར་མཛེས་རྫོང་གིས་སྣོན་འཕྲི་ཟུང་འབྲེལ་གྱི་ལས་ཀ་ལག་བསྟར་བྱེད་རིང་དང་ས་གཤིས་གནོད་སྐྱོན་གྱི་ཉེན་གཡོལ་གནས་སྤོ་དང་། བོད་ཁུལ་གྱི་ཁྱིམ་གཞིས་གསར་པ། ཡུལ་གཞན་དུ་གནས་སྤོས་ནས་དབུལ་སྐྱོར་བྱེད་པ་སོགས་ཀྱི་ལས་གཞི་དང་ཟུང་འབྲེལ་དམ་ཟབ་བྱས་པ་རེད། དཀར་མཛེས་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་ལས་གཞི་ཕྱོགས་བསྡུས་ལེགས་སྒྲིག་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་མ་དངུལ་ཕན་འབྲས་ཆེ་རུ་ཕྱིན་པ་རེད།

ད་ལྟར། དཀར་མཛེས་རྫོང་གི་རྙིང་རུལ་དུ་གྱུར་པའི་ཉེན་ཁ་ཡོད་པའི་སྡོད་ཁང་བཤིགས་ནས་ཁང་ས་ཁོད་སྙོམས་པོ་བྱས་ཏེ་གོ་རིམ་ལྡན་པའི་ངང་ནས་ས་ཞིང་ལ་བསྒྱུར་ཚར་བ་རེད། སྡོད་ཁང་རྙིང་པ་བཤིག་རྗེས་ང་ཚོར་ཡང་དུ་ས་ཞིང་ཁག་གཅིག་ཇེ་མང་ཕྱིན་པ་རེད་ཅེས་ལྭ་བ་གྲོང་སྡེའི་གཞིས་མི་གཡང་མཚོས་དེ་ལྟར་བཤད་པ་རེད།

ན་ནིང་ལོ་ནས་ད་བར་དུ་དཀར་མཛེས་རྫོང་དུ་ཚན་པ་གཉིས་པའི་སྣོན་འཕྲི་ཟུང་འབྲེལ་གྱི་ལས་གཞི་སྤེལ་འགོ་བཙུགས་ཡོད་ཅིང་། ཐེངས་འདིར་ལུང་ཆོན་དབྱི་ཆུས་དང་ཚོང་བརྒྱག་རྒྱུ་གཙོ་བོ་ནི་ང་ཚོའི་ཚན་པ་དང་པོའི་ལས་གཞིའི་ཚད་གཞི་དེ་ཡིན། དཀར་མཛེས་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་ནས་བཤད་དོན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་ཆ་ཚང་སྒྲིག་པའི་སྲིད་ཇུས་བཏོན་ནས། རྫོང་སོ་སོས་ལས་གཞི་འཛུགས་སྐབས་ཚད་གཞི་བརྒྱ་ཆ30ཡི་མ་དངུལ་སྔོན་དུ་བཏང་ནས་ཉོ་ཚོང་ལས་གཞི་སྤེལ་འགོ་འཛུགས་བྱེད་ཀྱི་མ་རྩ་བྱེད་ཆོག་པ་རེད། དེ་མིན་ད་དུང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་བྱེད་ཐབས་རབ་དང་རིམ་པ་བཏོན་པ་རེད།

འཆར་གཞི་ལྟར་ད་ལོའི་ལོ་མཇུག་ཏུ་དཀར་མཛེས་རྫོང་དུ་ཁྱོན་ཡོངས་ནས་དབུལ་ཐར་ཡོང་ཐུབ་རྒྱུ་རེད། དཀར་མཛེས་རྫོང་གི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་དོན། མིག་སྔར་དཀར་མཛེས་རྫོང་གིས་ཚན་པ་དང་པོའི་སྡོད་ཁང་རྙིང་པ་བཤིག་པའི་ཁང་ས་མུའུ771ཙམ་གྱི་ཚོད་ལྟའི་ལས་གཞི་ལག་བསྟར་བྱས་ཡོད་པ་དང་། ཚན་པ་གཉིས་པའི་སྡོད་ཁང་རྙིང་པ་བཤིག་པའི་ཁང་ས་མུའུ1101ཙམ་གྱི་ཚོད་ལྟའི་ལས་གཞི་ལག་བསྟར་བྱེད་བཞིན་པ། ཚན་པ་གསུམ་པའི་སྡོད་ཁང་རྙིང་པ་བཤིག་པའི་ཁང་ས་མུའུ1667ཙམ་གྱི་ཚོད་ལྟའི་ལས་གཞི་ལག་བསྟར་བྱ་རྒྱུ་ཡིག་ཐོག་སྙན་ཞུ་སྤྲད་རྒྱུའི་འཆར་གཞི་ཡོད་ཅིང་། ཚན་པ་གསུམ་གྱི་ལས་གཞི་ལག་བསྟར་བྱས་རྗེས་སྔོན་དཔག་བྱས་ན་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར8.317མངོན་འགྱུར་བྱེད་ཐུབ་རྒྱུ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།